རྒྱལ་ཁབ་རིམ་པའི་མངོན་མེད་ཤུལ་བཞག་རིག་གནས་ཏེ་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་འགྲེམ་ཚོགས་སུ་རོང་བྲག་རྫོང་གིས་གྲུབ་འབྲས་ལེགས་པོ་བླངས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 07-15


      སྤྱི་ཟླ་7པའི་ཚེས་7ནས་ཚེས་9ཉིན་བར། མགོ་ལོག་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེའི་རྒྱལ་ཁབ་ས་རྒྱུ་སྤྱི་གླིང་དུ་ཉིན་གསུམ་རིང་གི་རྒྱལ་ཁབ་རིམ་པའི་མངོན་མེད་ཤུལ་བཞག་རིག་གནས་ཏེ་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་འགྲེམ་སྟོན་གྱི་ཚོགས་ཆེན་དང་སྐབས་དང་པོའི་གཉན་པོ་གཡུ་རྩེའི་པར་ལེན་འགྲན་ཚོགས་ཆེན་མོ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་རིག་གནས་ཡུལ་སྐོར་གྱི་མུ་འབྲེལ་བྱེད་སྒོ་རུ་ཞིང་ཆེན་ཕྱི་ནང་གི་པར་ལེན་སྒྱུ་རྩལ་པ་དང་ལྗོངས་ཞིང་ལྔའི་བོད་ཀྱི་རྒྱན་གོས་རྒྱུན་འཛིན་པ་བརྒྱ་ཕྲག་ཕེབས་ཏེ་འགྲན་ཚོགས་སུ་ཞུགས།

     སི་ཁྲོན་དཀར་མཛེས་ཁུལ་གྱི་འགྲན་ཞུགས་རུ་ཁག་གི་ཡ་གྱལ་ཡིན་པའི་རོང་བྲག་རྫོང་གིས་གདན་ཞུས་ལྟར་ཐེངས་འདིའི་རྒྱལ་ཁབ་རིམ་པའི་མངོན་མེད་ཤུལ་བཞག་རིག་གནས་ཀྱི་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་འགྲེམ་སྟོན་གྱི་འགྲན་སྡུར་ཁྲོད་ཞུགས་པར་མ་ཟད། འགྲན་ཞུགས་པ་དཔལ་ལྡན་དབང་མོ་རིམ་པ་སོ་སོའི་འགྲན་སྡུར་བརྒྱུད་མཇུག་མཐར་རྟིང་རྩོད་འགྲན་སྡུར་ཁྲོད་བསྡོམས་པས་ཐོབ་སྐར་97.63གྱིས་འགྲན་སྡུར་གྱི་ཨང་ལྔ་པ་དང་བྱ་དགའ་ཨང་གསུམ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ། འགྲན་སྡུར་གྱི་ཡུལ་དངོས་སུ་རོང་བྲག་གི་འགྲན་ཞུགས་མི་སྣ་བཞིས་རོང་བྲག་གི་རྒྱལ་རོང་པའི་མི་རིགས་རྒྱན་གོས་དང་རིག་གནས་མངོན་པར་བཀྲམ། མཇུག་སྒྲིལ་མཛད་སྒོར་དུས་བཞིའི་མེ་ཏོགཅེས་པའི་རོལ་དབྱངས་ལ་རྒྱ་ཆེའི་མང་ཚོགས་དང་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་ཅིང་། འགྲན་ཚོགས་ཆེན་མོ་བརྒྱུད་དེ་སླར་ཡང་ཀྲུང་གོའི་ཆེས་མཛེས་པའི་རི་གྲོང་སྟེ་རོང་བྲག་གི་མཚན་སྙན་དེ་ཕྱི་ཕྱོགས་སུ་ཁྱབ།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1