མཛོད་དགེ་རྫོང་དུ་དུག་འཇོམས་དུས་ཆེན་དང་དམངས་སྲོལ་རིག་གནས་དུས་ཆེན་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་རྔ་སྒྲ་སྤྱི་སྟེགས། སྤེལ་དུས། 07-15


     


        ཉེ་ཆར། མཛོད་དགེ་རྫོང་གིས་ལོ་རེར་ཐེངས་རེའི་དུག་འཇོམས་དུས་ཆེན་དང་དམངས་སྲོལ་རིག་གནས་དུས་ཆེན་དེ་ཆོས་རྗེ་ཡུལ་ཚོ་ནས་ཉིན་གཉིས་རིང་དུ་སྤེལ་ལ། ས་དེའི་ཡུལ་མི་དང་ཡུལ་ཕྱོགས་གཞན་པ་ནས་ཡོང་བའི་ལྗོངས་སྐོར་བ་མང་པོ་ཞུགས་ཡོད་པ་རེད། བྱ་འགུལ་ཁྲོད་མི་སེར་ཚོས་གླུ་ལེན་བྲོ་འཁྲབ་དང་། བསང་ཕུད་པ། རྩམ་པ་འཐག་པ་དང་ཐགས་འཐག་པ། དེ་མིན་སྐེ་འཐེན་དང་མདའ་རྩལ་འགྲན་པ་སོགས་ངོམས་སྟོན་བྱས་ཤིང་། དུག་འཇོམས་དུས་ཆེན་ནི་རྔ་བ་ཁུལ་གྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་ཀྱི་དུས་ཆེན་ཞིག་ཡིན་ལ། མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོའི་འགྲམ་རྒྱུད་ནས་ལོ་ངོ་སྟོང་ཕྲག་ཁ་ཤས་ལ་རྒྱུད་འཛིན་དང་དར་སྤེལ་བྱས་པའི་སྲོལ་རྒྱུན་དུས་ཆེན་གལ་ཆེན་ཞིག་ཀྱང་ཡིན་ནོ།།

 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1