ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-17


        སྤྱི་ཟླ་7པའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་ལ་མཇལ་འཕྲད་གནང་།  ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་མན། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་སོགས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་གནང་།
        ལི་ཁེ་ཆང་གིས་ཀྲུང་གོའི་ཕྱོགས་ནས་འཇར་མན་དང་མཉམ་དུ་འབད་བརྩོན་ཆེན་མོས་ཉེ་སྔོན་སྤེལ་བའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་སྐོར་ཐེངས་བཞི་བའི་གྲོས་མོལ་གྱི་ཕན་འབྲས་ལག་བསྟར་ལེགས་པོ་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ཇེ་ཟབ་ཏུ་བཏང་ནས་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དང་མཉམ་ལས་གོང་འཕེལ་དུ་གཏང་འདོད་ཅེས་བསྟན། 
        མོ་ཁེར་གྱིས་འཇར་མན་ཕྱོགས་ནས་ཡོ་རོབ་གླིང་གི་གནས་བབ་ཀྱི་འཕེལ་རྒྱས་གསར་པའི་ཐད་ནས་ཀྲུང་གོའི་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་འདོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ལས་བུད་པའི་ཤུགས་རྐྱེན་ལ་འོས་མཐུན་སྒོས་ཁ་གཏོད་དགོས་པ་དང་མཉམ་འབྲེལ་སྒོས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏང་དགོས། ཀྲུང་གོ་ནི་ཡོ་རོབ་མནའ་འབྲེལ་གྱི་ཡིད་ཆེས་ཡོད་པ་དང་བློ་གཏོད་ཆོག་པའི་གྲོགས་པོ་ཡིན། འཇར་མན་ཕྱོགས་ནས་ཡོ་རོབ་མནའ་འབྲེལ་གྱིས་སྔར་ལས་ལུགས་མཐུན་དང་དོན་དངོས་ཀྱི་རྣམ་འགྱུར་གྱིས་ཀྲུང་གོ་དང་མཉམ་འབྲེལ་བྱེད་པར་རེ་བ་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1