ཆུ་ཆེན་རྫོང་གི་ས་ཆ་མང་ཤོས་ལ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 07-18


༢.jpg
    སྤྱི་ཟླ་7པའི་ཚེས12ནས་ཚེས14ཉིན་བར་དུ། རྔ་བུ་ཁུལ་ཆུ་ཆེན་རྫོང་ལ་ཉིན་འགའ་རིང་ལ་དྲག་ཆར་བབས་ནས་གྲོང་སྡེ་མང་པོ་ལ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་རང་བྱུང་གི་གནོད་འཚེ་བྱུང་། སྡོད་ཁང་དང་ས་ཞིང་། གཞུང་ལམ། གློག་ཤུགས། བརྡ་འཕྲིན་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་ལ་གནོད་སྐྱོན་གང་མང་ཐེབས། བསྡོམས་རྩིས་ལྟར་ན། ཐེངས་འདིའི་གནོད་འཚེ་ལས་ཁྱིམ་ཚང་125དང་མི་671ལ་གནོད་འཚེ་ཐེབས་པ་དང་མི་523གནས་སྤོར་བྱས། དཔལ་འབྱོར་གྱོང་གུན་ཐེབས་པ་སྒོར་ཁྲི2491.7ཟིན་ཡོད། གནོད་འཚེ་བྱུང་རྗེས། ཆུ་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གཉིས་ཀྱིས་མྱུར་དུ་མཁོ་བསྟུན་ཉེན་བརྡ་བཏང་ནས་མི་སྣ་རྩ་འཛུགས་བྱས་པ་དང་འཕྲུལ་ཆས། དངོས་པོ། རྒྱུ་ནོར་སོགས་བཀོད་སྒྲིག་བྱས་ཏེ་ཡུལ་དངོས་སུ་འབྱོར་ཏེ་གནོད་སེལ་ལས་ཀར་ཞུགས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1