ལི་ཁེ་ཆང་གིས་འབར་མའི་སྲིད་འཛིན་ཝོ་ཡན་ཅུའེ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-18


        སྤྱི་ཟླ་7པའི་ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨུ་ལན་དཔའ་ཐུལ་ནས་འབར་མའི་སྲིད་འཛིན་ཝོ་ཡན་ཅུའེ་ལ་མཇལ་འཕྲད་གནང་།
        ལི་ཁེ་ཆང་གིས་ཀྲུང་གོ་དང་འབར་མའི་དཔལ་འབྱོར་ལ་ཚད་མཐོ་བའི་གསབ་སྐོང་གི་ཁྱད་ཆོས་དང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ལྡན་པ་རེད། ཀྲུང་གོའི་ཕྱོགས་ནས་འབར་མ་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན། སློབ་གསོ། སྨན་བཅོས། ཆུ་བེད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱ་འདོད་པར་མ་ཟད། འབར་མའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་རྒྱབ་སྐྱོར་བྱས་ཏེ་སྔར་ལས་ལེགས་པའི་སྒོ་ནས་མཉམ་ལས་གཉིས་ཕན་མངོན་འགྱུར་བྱ་འདོད་ཅེས་བསྟན། 
        ཝོ་ཡན་ཅུའེ་ཡིས་འབར་མའི་ཕྱོགས་ནས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་འབར་མར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ། དེ་མིན་ཀྲུང་གོའི་ཕྱོགས་ནས་འབར་མར་དངུལ་འཇོག་རྒྱ་སྐྱེད་དང་འབར་མར་རོགས་རམ་བྱས་ཏེ་དམངས་འཚོ་ལེགས་བཅོས་དང་འབར་མའི་མི་དམངས་ལ་ཁེ་ཕན་བསྐྲུན་པའི་རེ་བ་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1