དཀར་མཛེས་ཁུལ་གྱིས་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་རིགས་དབྱེའི་དོ་དམ་དམིགས་ཚད་རིམ་འཕར་ལས་ཀའི་ཚོགས་འདུ་འཚོགས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 07-20



        སྤྱི་ཟླ་7ཚེས་18ནས་19ཉིན་བར།  དཀར་མཛེས་ཁུལ་གྱི་རྟའུ།  བྲག་འགོ དཀར་མཛེས་ཁུལ་གྱིས་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་རིགས་དབྱེའི་དོ་དམ་པ་དམིགས་ཚད་རིམ་འཕར་ལས་ཀའི་ཚོགས་འདུ་འཚོགས་ཤིང་།   ཚོགས་འདུ་ནང་ཞུགས་པའི་འཐུས་མི་རྣམས་ཀྱིས་རྟའུ། བྲག་འགོ དཀར་མཛེས་སོགས་སུ་བོད་བརྒྱུད་ནང་བསྟན་དགོན་པའི་རིགས་དབྱེ་དོ་དམ་པའི་དམིགས་ཚད་རིམ་འཕར་ལས་ཀ་སྤེལ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་བར་མ་ཟད། འགྲེམ་བྱང་དང་།  ངོ་སྤྲོད་ལ་གསན་པ། དངོས་སུ་དྲི་བ་བཏོན་པ།  གྲྭ་བཙུན་དང་བགྲོ་གླེང་བྱེད་པ་སོགས་བརྒྱུད་དེ་དགོན་པའི་དོ་དམ་གནས་ཚུལ་ལ་རྒྱུན་ལོན་བྱུང་རྗེས། བྲག་འགོ་རུ་ཚོགས་འདུ་འཚོགས་ཏེ་སློབ་སྦྱོང་དང་བརྗེ་རེས་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1