རྔ་བ་རྫོང་གིས་དགོན་པའི་ཁྲིམས་ལུགས་བློ་འདོན་པའི་མིང་བཀོད་མཛད་སྒོ་དང་ཆོས་ལུགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 07-20


     གོམ་གང་མདུན་སྤོས་སྒོས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་ཁག་དོན་འཁྱོལ་ཡོང་བར་བྱེད་པ་དང་། ཁྲིམས་ལྟར་རྫོང་སྐྱོང་བ། ཁྲིམས་ལྟར་དགོན་པ་སྐྱོང་བར་སྐུལ་འདེད་གཏང་ཆེད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐོག་བཏོན་པའི་ཁྱོན་ཡོངས་ནས་ཁྲིམས་ལུགས་བློ་འདྲིའི་ལམ་ལུགས་འཛུགས་པའི་བཀོད་སྒྲིག་བླང་བྱ་ལྟར། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། རྔ་བ་རྫོང་གིས་དགོན་པའི་ཁྲིམས་ལུགས་བློ་འདོན་པའི་མིང་བཀོད་དང་ཆོས་ལུགས་མི་སྣའི་འཐུས་ཚབ་པའི་བཞུགས་མོལ་འཚོགས་འདུ་དེ་རྔ་བ་རྫོང་ཏང་ཨུའི་གྲོས་ཚོགས་ལྟེ་གནས་སུ་འཚོགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1