མཚོ་སྔོན་ཡུལ་ཤུལ་ཁུལ་ནང་བསྟན་ཆོས་ལུགས་མཐུན་ཚོགས་བཙུགས་ནས་ལོ་འཁོར་30ལོན་པའི་དགའ་སྟོན་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 07-25


          2016ལོའི་ཟླ་7པའི་ཚེས་21ཉིན་གྱི་སྔ་དྲོར། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་ཆོས་ལུགས་མཐུན་ཚོགས་བཙུགས་ནས་ལོ་འཁོར་30ལོན་པའི་དགའ་སྟོན་ཚོགས་ཆེན་ཡུལ་ཤུལ་སྐྱེ་དགུ་གྲོང་རྡལ་དུ་གཟབ་རྒྱས་ངང་འཚོགས།

          ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུའི་ཧྲུའུ་ཅི་ཝུ་ཏའེ་ཅིན། ཁུལ་དཔོན་གཞོན་པ་ཀྲུང་ཀྲང་མིན། དམངས་ཆེན་ཀྲུང་རེན་གཞོན་པ་མཱ་ཧྲེན་ཐང་། ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲུའུ་ཧོང་ཡོན། ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧུ་ཀྲན་ལུའུ། སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་པའོ་ཆང་། ཡུལ་ཤུལ་ཁུལ་ནང་བསྟན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲུལ་སྐུ་མགོན་པོ། ཚོགས་གཙོ་གཞོན་པ་སྤྲུལ་རིན་ཆེན་ཚེ་རིང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་སངས་རྒྱས་བཀྲ་ཤིས། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མཁའ་འབུམ་སོགས་དང་གཞན་འབྲེལ་ཡོད་སྡེ་ཁག་མི་སྣ་160ཙམ་དགའ་སྟོན་གྱི་བྱེད་སྒོར་ཞུགས།

          རྒྱལ་གླུ་དང་འགྲོགས་ཏེ་ཚོགས་ཆེན་འགོ་བརྩམས་པ། ཁུལ་དཔོན་གཞོན་པ་ཀྲུའུ་ཀྲན་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

          ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་སངས་རྒྱས་ཀྱིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་གཏམ་བཤད་གནང་།



རྩོམ་ཡིག་སྔོན་མ།
༄༅།། བདེ་ཆེན་གྱི་བོན།
རྩོམ་ཡིག་རྗེས་མ།
༄༅།། ཤྭ་བ་སེར་ཆེན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1