དཀར་མཛེས་ཁུལ་གྱིས་ཁམས་པའི་སྒྱུ་རྩལ་དུས་ཆེན་བསུ་པའི་ན་གཞོན་གླུ་པའི་གླུ་ལེན་སྤྲོ་ཚོགས་ཀྱི་བྱེད་སྒོ་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར་།ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 07-25


        ཉེ་ཆར།  སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་དང་།  དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་དཔེ་སྐྲུན་ཅུས་ཀྱིས་འགན་སྒྲུབ་བྱས་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་བསུ་པའི་དཀར་མཛེས་ཁུལ་ན་གཞོན་གླུ་པའི་གླུ་ལེན་སྤྲོ་ཚོགས་དར་མདོ་ཟློས་གར་ཁང་དུ་སྤེལ།     
        སྐབས་དང་པོའི་བོད་གླུ་སྤྲོ་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་བསོད་ནམས་ལྷ་མོ་དང་རིག་གནས་པུའུ་ཡི་གཅིག་ལྔའི་ལས་གྲྭའི་གླུ་གཞས་རྣམ་གྲངས་ཀྱི་གསེར་གྱི་བྱ་དགའ་ཐོབ་མཁན་དབྱངས་ཅན་མཚོ་སོགས་གླུ་པ་རྣམས་ཀྱིས་མི་རིགས་གླུ་གཞས་དང་དེང་རབས་གླུ་གཞས།  མགུར་གླུ། གདོད་མའི་གླུ་གཞས་སོགས་གླུ་སྣ་20ལྷག་ལྟད་མོ་བར་ཕུལ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1