སེར་ཤུལ་རྫོང་གིས་ཀྲུང་གོའི་སྦྲ་གུར་དུས་ཆེན་དང་བོད་ཟས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-26


        སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལ་བསུ་མ་དང་སེར་ཤུལ་དམངས་ཁྲོད་ཀྱི་བོད་ཟས་རིག་གནས་སྔོག་འདོན་དང་འགྲེམ་སྟོན། བོད་ཟས་རིག་གནས་ཀྱི་ཁྱད་ཆོས་དར་སྤེལ། ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་སེར་ཤུལ་ཡན་ལག་ཚོགས་རའི་ལས་ཀ་ཁག་གྲ་སྒྲིག་ལེགས་པོ་བྱུང་བའི་ཆེད་དུ།  ཉེ་ཆར།  སེར་ཤུལ་རྫོང་གིས་དྭངས་གཙང་གི་དཀར་མཛེས།  ཉི་མའི་ཚོ་བའི་ཡུལ་སྡེ་ཞེས་པའི་ཀྲུང་གོའི་སྦྲ་གུར་དུས་ཆེན་དང་དམངས་ཁྲོད་ཀྱི་བོད་ཟས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ། 
        ཐེངས་འདིའི་བོད་ཟས་འགྲན་བསྡུར་ལས་བོད་མིའི་སྲོལ་རྒྱུན་ཁྱད་ཟས་སྔོག་འདོན་བྱས་ཏེ་སྲོལ་རྒྱུན་གྱི་བོད་ཟས་རིག་གནས་མུ་མཐུད་ནས་གསར་གཏོད་དང་རྒྱུན་སྤེལ་བྱས་པའི་དུས་མཚུངས་སུ། ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་སེར་ཤུལ་ཡན་ལག་ཚོགས་རར་ཕེབས་པའི་མགྲོན་པ་རྣམས་ལ་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཟས་རིགས་དང་དེའི་རིག་གནས་སྙིང་བཅུད་འགྲེམ་སྟོན་བྱེད་པར་གྲ་སྒྲིག་བྱས།   སེར་ཤུལ་རྫོང་གི་འབྲེལ་ཡོད་འགན་འཁུར་བས་སེར་ཤུལ་ཁྱད་ལྡན་ཟས་རིགས་རྒྱུན་འཛིན་དང་དར་སྤེལ། དེ་ཡིན་གསར་གཏོད་དང་ཁྱབ་སྤེལ་བྱས་ཏེ་འཚོ་བཅུད་ལྡན་ཞིང་བདེ་ཐང་ལ་ཕན་པའི་འཚོ་བའི་འདུ་ཤེས་ཁྱབ་གདལ་དུ་གཏང་དགོས་པར་མ་ཟད། ཐེངས་འདིའི་འགྲན་བསྡུར་གྱི་གོ་སྐབས་དམ་འཛིན་བྱས་ཏེ་བཟའ་བཏུང་བདེ་འཇགས་གི་སྟེགས་བུ་བསྐྲུན་ནས་སེར་ཤུལ་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1