2016ལོའི་བོད་རང་སྐྱོང་ལྗོངས་རྐང་གྲུག་སྤོ་ལོའི་ཕུལ་བྱུང་འགྲན་སྡུར་ལྷ་ས་རུ་འགོ་ཚུགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 07-27


      སྤྱི་ཟླ་7པའི་ཚེས་23ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་སྒྲུབ་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འགན་སྒྲུབ། ལྷ་ས་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱིས་རོགས་སྒྲུབ་བྱས་པའི་2016ལོའི་བོད་རང་སྐྱོང་ལྗོངས་རྐང་གྲུག་སྤོ་ལོའི་ཕུལ་བྱུང་འགྲན་སྡུར་ལྷ་ས་རུ་འགོ་ཚུགས། ཐེངས་འདིའི་འགྲན་སྡུར་ནི་བོད་ལྗོངས་ཀྱི་འགྲན་ཞུགས་མི་གྲངས་ཆེས་མང་བ། ཁྱབ་ཁོངས་ཆེས་ཆེ་བ། གཞི་རྒྱ་ཆེས་ཆེ་བའི་རྐང་གྲུག་སྤོ་ལོའི་འགྲན་སྡུར་ཞིག་ཡིན།

     ཉིན་12རིང་གི་འགྲན་སྡུར་ཁྲོད། ས་གནས་དང་གྲོང་ཁྱེར། ཆུས་སོ་སོ་ནས་འོང་བའི་ཁོངས་གཏོགས་ལས་ཁུངས། སློབ་གསོ་དང་དངུལ་རྩའི་མ་ལག་རྒྱུད་ཁོངས། སྤྱི་བདེ་མཐའ་སྲུང་རུ་ཁག་སོགས་འཐུས་ཚབ་རུ་ཁག་11གི་ལུས་རྩལ་པ་238ཀྱིས་སྟོབས་ཤུགས་གང་ཡོད་བཏོན་ཏེ་བོད་ལྗོངས་ཀྱི་རྐང་གྲུག་སྤོ་ལོར་དགའ་མོས་ཡོད་པ་དག་གི་མཉམས་འགྱུར་བཟང་པོ་མངོན་ཏེ་འགྲན་སྡུར་ཁྲོད་མཇུག་འབྲས་དང་ཀུན་སྤྱོད་ལེགས་པོའི་རྒྱལ་ཁ་བརྩོན་ལེན་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1