སྐབས་དང་པོའི་ཐང་བོད་གནའ་ལམ་རྡོ་བརྐོས་རིག་གནས་ཀྱི་ཚོགས་འདུ་སེར་ཤུལ་རྫོང་ནས་འཚོགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ཀྲུང་དབྱངས་གསར་འགྱུར་དྲ་བ། སྤེལ་དུས། 07-27


  

   ཐང་བོད་གནའ་ལམ་རྡོ་བརྐོས་རིག་གནས་སྐོར་གྱི་ཞིབ་འཇུག་སྔར་ལས་ལྷག་པར་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏང་བ་དང་རྒྱ་བོད་ཆོས་ལུགས་ཀྱི་མཛེས་རྩལ་ཞིབ་འཇུག་གཏིང་ཟབ་དུ་གཏང་པ། རིག་གཞུང་འདིའི་ཐད་ཀྱི་རྒྱུ་ཆ་གསར་པ་དང་བརྡ་འཕྲིན་གསར་པའི་སྐོར་ནས་བསམ་བློ་བརྗེ་རེས་བྱེད་པ། མཉམ་དུ་རིག་གཞུང་གྲོས་བསྡུར་ལ་ཞིབ་འཇུག་དང་དོ་སྣང་བྱ་ཆེད།  ཉེ་ཆར། སྐབས་དང་པོའི་ཐང་བོད་གནའ་ལམ་རྡོ་བརྐོས་རིག་གནས་ཀྱི་ཚོགས་འདུ་དཀར་མཛེས་ཁུལ་སེར་ཤུལ་རྫོང་ནས་འཚོགས།

    ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་གནའ་བོའི་ཕོ་བྲང་གི་དངོས་མང་བཤམས་སྟོན་ཁང་དང་སི་ཁྲོན་ཞིང་ཆེན་གནའ་རྫས་བརྟག་དཔྱད་ཞིབ་འཇུག་ཁང་། སེལ་ཤུལ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས།  གནའ་བོའི་ཕོ་བྲང་གི་དངོས་མང་བཤམས་སྟོན་ཁང་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོ། ཆིན་ཧྭ་སློབ་གྲྭ་ཆེན་མོ །  ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་སོགས་ནས་ཐོན་པའི་ཆེད་རམས་པ་ཚོས་སེར་ཤུལ་རྫོང་གི་རྡོ་བརྐོས་རྣམ་གྲངས་ཀྱི་སྤྱིའི་གནས་ཚུལ་དང་ཉར་ཚགས་གནས་ཚུལ། རྡོ་བརྐོས་ཁྱབ་ཁོངས། ལྡེབས་སྐུའི་དུས་རབས། ལོ་རབས་ཀྱི་ཁྱད་ཆོས་སོགས་ཀྱི་སྐོར་ནས་གཏམ་བཤད་བྱས་ཏེ་བསམ་བློ་བརྗེ་རེས་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1