ཞི་ཅིན་ཕིང་གིས་ཨབ་གྷན་སི་ཐན་དུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་བྱུང་བར་ཨབ་གྷན་སི་ཐན་གྱི་སྲིད་འཛིན་ཅ་ཉི་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-27


        ཀྲུའུ་ཞི་ཞི་ཕིང་གིས་འཚམས་འདྲི་ཞུ་བའི་གློག་འཕྲིན་ནང་། ཁྱེད་རྒྱལ་ཁབ་ཀྱི་ཁ་པུལ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པར། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་པར་མ་ཟད། ང་རང་ཉིད་ཀྱི་མིང་ཐོག་ནས་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་སེམས་གཏིང་ནས་མྱ་ངན་དང་དོན་རྐྱེན་ཁྲོད་རྨས་ཕོག་པ་དང་རྐྱེན་ལམ་དུ་ཤོར་བ་རྣམས་ཀྱི་ཁྱིམ་མིར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཞེས་བསྟན། 
        ཀྲུང་གོ་ཕྱོགས་ནས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་མ་ཟད། ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོད་གཏམ་དྲག་པོ་བཏང་བ་ཡིན། ཀྲུང་གོ་ཕྱོགས་ནས་ཨབ་གྷན་སི་ཐན་སྲིད་གཞུང་དང་མི་དམངས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་བརླིང་ལ་འགན་སྲུང་བྱེད་པར་འབད་བརྩོན་བྱས་པར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་ངེས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1