འགོ་ཁྲིད་ལས་བྱེད་པའི་དོན་དངོས་ཐོག་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་དགོས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-28


  ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཉེ་ཆར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་བཅུ་གཅིག་གིས་གཟའ་འཁོར་གཅིག་གི་དུས་ཚོད་ཀྱི་རིང་ལ། ཚན་པ་བགར་ནས་སྐོར་ཞིབ་བྱེད་གནས་ཀྱི་ས་ཁུལ་དང་ལས་ཁུངས་ལ་གཅིག་བསྡུས་སྒོས་སྐབས་བཅུ་བའི་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་བདུན་པའི་སྐོར་ཞིབ་བསམ་འཆར་ཕྱིར་བསྡུ་བྱས། 
      ད་ལོའི་ཟླ་གསུམ་པ་ནས་ཟླ་དྲུག་པའི་བར་དུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཅུ་གཅིག་གིས་ཁྲེན་ཏུའུ་སོགས་གྲོང་ཁྱེར་དང་ཁུལ་དགུ་དང་། རྫོང་དང་གྲོང་ཁྱེར། ཁུལ་37ལ་རྒྱུན་ལྡན་དུ་སྐོར་ཞིབ་བྱས་ནས། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་སོགས་ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་བདུན་ལ་ཆེད་དུ་རྟོག་ཞིབ་གནང་ནས། ཁྱོན་བསྡོམས་གནད་དོན་3832རྩད་ཞིབ་བྱས་ཤིང་། དེའི་ཁྲོད་དུ་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་མི་སྣ་135དང་དོན་དག་ 138དང་འབྲེལ་བ་ཡོད་པ་རེད། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་རྣམས་ཀྱིས་གོམ་གང་མདུན་སྤོས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུང་ལ་ངོ་རྒོལ་བྱེད་པའི་རང་འགུལ་རང་བཞིན་དང་བརྟན་བརླིང་རང་བཞིན་ལ་ཤུགས་སྣོན་བྱས་ཏེ། འཐབ་འདོན་ཇུས་འདོན་དང་དོན་དངོས་ཐོག་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱ་དགོས་པའི་བླང་བྱ་བཏོན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1