རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་ཀྲུང་དབྱང་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་རིག་མཛོད་སི་ཁྲོན་དུ་བཙུགས།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-28


        སྤྱི་ཟླ་7པའི་ཚེས་25ཉིན།  ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་གུང་གཞོན་ཚོགས་པའི་ཁག་16པའི་སི་ཁྲོན་དུ་བསྐྱོད་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པས་རྒྱལ་ཡོངས་ཀྱི་ཀྲུང་དབྱང་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་རིག་མཛོད་ཐོག་མ་བཙུགས་པར་མ་ཟད།  ཞི་ཧྭ་སློབ་ཆེན་དུ་མཉམ་སྐྲུན་མཐུན་སྦྱོར་གྱི་རིག་མཛོད་གསར་སྐྲུན་བྱེད་པའི་གྲོས་མཐུན་ལ་དངོས་སུ་མིང་རྟགས་བཀོད་པ་དང་། འདི་ནི་རྒྱལ་ཡོངས་སུ་ཆེས་ཐོག་མར་སི་ཁྲོན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རིག་མཛོད་འཛུགས་སྐྲུན་བྱས་པ་རེད།
        ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་གུང་གཞོན་ཚོགས་པའི་སི་ཁྲོན་དུ་བསྐྱོད་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་མི་སྣ་ནི་རྐང་འཛིན་གྱི་རྩེར་སོན་རིག་མཛོད་ཡིན་ལ།  ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་གུང་གཞོན་ཚོགས་པའི་འབུམ་རམས་པའི་ཚོགས་པ་དང་སི་ཁྲོན་ས་ཁུལ་གྱི་སློབ་ཆེན་དང་མཐུན་སྦྱོར་བྱས་ནས་རིག་མཛོད་གསར་བསྐྲུན་བྱས་(ཀྲུང་གོའི་འབུམ་རམས་པའི་སི་ཁྲོན་རིག་མཛོད་ཀྱི་བསྡུས་མིང་།)ཤིང་།  ཞི་ཧྭ་སློབ་ཆེན་ནི་ཡུན་རིང་རང་བཞིན་གྱི་གཙོ་སྒྲུབ་ལས་ཁུངས་ཡིན་ལ།   ཁག་16པའི་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་གུང་གཞོན་ཚོགས་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་སི་ཁྲོན་དུ་བསྐྱོད་པའི་མི་སྣ་ནི་གསར་བཏོད་བྱེད་མཁན་ཡིན་ལ།  སྐབས་སྔོན་མར་སི་ཁྲོན་དུ་བསྐྱོད་པའི་འབུམ་རམས་པའི་ཚོགས་པར་ཞུགས་པ་དག་གདན་ཞུ་བྱས་ཏེ་སི་ཁྲོན་ལས་གཞན་པའི་འབུམ་རམས་པའི་ཚོགས་པའི་མི་སྣ་དང་འབྲེལ་འདྲེས་བྱས་ནས་སི་ཁྲོན་གྱི་ཚོང་བསྡུ་དང་དངུལ་བསྡུ། རིག་བསྡུ། དྲིལ་བསྒྲགས་སོགས་ཀྱི་ཐད་ལ་མཉམ་སྤྱོད་ཀྱི་སྟེགས་བུ་ཞིག་བསྐྲུན་ཞིང་། འདིས་མཐུན་སྦྱོར་གསར་སྐྲུན་མངོན་འགྱུར་བྱས་ནས་སི་ཁྲོན་གྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་རིག་སྐྱོར།  གནད་སྨིན་དོ་དམ་བཅས་སྦྲེལ་མཐུད་བྱེད་པའི་རྒྱལ་ཡོངས་ཀྱི་རྣམ་པ་གསར་པ་ཞིག་འཛུགས་སྐྲུན་བྱ་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1