ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་སྐམ་དམག་ལས་ཁུངས་ལ་གཟིགས་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-28



        སྤྱི་ཟླ་7པའི་ཚེས་27ཉིན།   བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐམ་དམག་ལས་ཁུངས་ལ་གཟིགས་ཞིབ་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་སྐམ་དམག་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པར་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུས་པ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཡོངས། དམངས་དམག་དང་དམག་གྲབས་མི་སྣ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས། ཁོང་གིས་ཏང་གིས་གནས་བབ་གསར་པའི་འོག་ཏུ་དམག་དཔུང་སྟོབས་ལྡན་དུ་གཏང་བའི་དམིགས་འབེན་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གནས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱ་དགོས་པར་མ་ཟད་། ཆ་འཕྲིན་ཅན་གྱི་དུས་སྐབས་སུ་སྐམ་དམག་འཛུགས་སྐྲུན་གྱི་རྣམ་པ་དང་བཀོལ་སྤྱོད་བྱེད་ཐབས་གསལ་བོར་ཤེས་པར་བྱ་དགོས་ལ། འཕྲུལ་སྒུལ་དམག་འཐབ་དང་ཕྱོགས་མང་འགོག་སྲུང་གི་འཐབ་ཇུས་བླང་བྱ་ལྟར།  རྐང་འཛུགས་ས་གསར་པ་ནས་མགྱོགས་མྱུར་ངང་སྐམ་དམག་སྒྱུར་བཀོད་འཛུགས་སྐྲུན་བྱས་ཏེ་ཧུར་ཐག་སྒོས་སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་རྣམ་པ་གསར་པའི་སྐམ་དམག་འཛུགས་སྐྲུན་བྱ་དགོས་ཞེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1