ལྷོ་ཧྥེ་རུ་ལོ་རྒྱུས་ཆེས་རིང་བའི་ངན་སྐྲན་ནད་པ་གསར་རྙེད་བྱུང་།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-29


           
            
               གནའ་རྫས་རྟོག་ཞིབ་པས་ལྷོ་ཧྥེ་རུ་ལོ་རྒྱུས་ཆེས་རིང་བའི་ངན་སྐྲན་ནད་པ་གསར་རྙེད་བྱུང་ཞིང་། ད་ལྟའི་བར་དུ་ཧ་ལམ་ལོ་ངོ་ཁྲི་170ཡི་ལོ་རྒྱུས་ལྡན་པ་རེད། གསར་རྙེད་འདིས་ངན་སྐྲན་ནི་དེང་རབས་འཚོ་བའི་གོམས་གཤིས་ལས་བྱུང་བའི་ངོས་འཛིན་ལ་དགག་ལན་སྤྲད་པ་རེད། དབྱིན་ཇིའི་ཀྲུང་དབྱང་ལན་ཁའེ་ཞ་སློབ་ཆེན་དང་ལྷོ་ཧྥེ་ཅིན་ཧྲན་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་པས་ཡུའེ་ཧན་ནེ་སི་པའོ་ཡི་ཉེ་འགྲམ་ནས་གནའ་བོའི་མིའི་རིགས་ཀྱི་འགྱུར་རྡོ་ཞིག་གསར་རྙེད་བྱུང་། བརྟག་བཤེར་བྱེད་དུས་རྐང་མཛུབ་རུས་པའི་ནང་ལོགས་སུ་གྲིབ་མ་ཡོད་པ་གསར་རྙེད་བྱུང་། སྤྱི་ཟླ་7པའི་ཚེས་28ཉིན། དབྱིན་ཇིའི་《ཉིན་རེའི་གློག་འཕྲིན་ཚགས་པར།》ལས་བསྒྲགས་པའི་ཀྲུང་དབྱང་ལན་ཁའེ་ཞ་སློབ་ཆེན་གྱི་སྐྱེ་དངོས་དང་ཁྲིམས་ཀྱི་སྨན་པ་མིའི་རིགས་རིག་པའི་ཆེད་རམས་པ་ཕ་ཐེ་ལི་ཁོ་ལུན་ཏའོ་ཧྥུ་དབྱི་ཁུའེ་ནན་གྱིས། རུས་པའི་ནང་ལོགས་ཁོག་སྟོང་ཡིན་ལ། གལ་སྲིད་ཁོག་སྟོང་མིན་ཚེ་བཞའ་སིམ་གྱི་ནད་གང་རུང་ཞིག་བྱུང་བ་རེད། དེའི་རྐྱེན་གྱིས་ངེད་ཅག་གིས་དེ་དང་དེང་རབས་ངན་སྐྲན་བྱུང་བའི་ནད་པ་གསོན་པོ་གཉིས་ཞིབ་བསྡུར་བྱེད་དུས། སྐྲན་ངན་ཡིན་པ་ཤེས་རྟོགས་བྱུང་ཞེས་བཤད།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1