སྐབས་བདུན་པའི་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྤྱི་ཟླ་8པར་ཚོགས་རྒྱུ་རེད།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 07-29


      གསར་འགོད་པས་ཚེས་25ཉིན་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་དྲུག་པའི་པེ་ཅིན་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྤྱི་ཟླ་8པའི་ཚེས་2ནས་ཚེས་4ཉིན་བར་པེ་ཅིན་དུ་ཚོགས་ཏེ་ཀྲུང་ཕྱིའི་ཆེད་མཁས་པ་དང་རྟོག་ཞིབ་པ་325ཚོགས་འདུར་ཞུགས་རྒྱུ་རེད།

      ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཏའེ་ཁྲེན་གྱིས་གསལ་བཤད་ལྟར་ན། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་མཐུན་ཚོགས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གིས་མཉམ་དུ་སྒྲུབ་པ་དང་དཔྱད་རྩོམ་308ཐེངས་འདིའི་བགྲོ་གླེང་ཚོགས་འདུར་བདམས་ཡོད། བགྲོ་གླེང་ནང་དོན་ནི་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སོ་སོ་འདུ་སྟེ། དེང་རབས་ཆབ་སྲིད་དང་སྤྱི་ཚོགས་རིམ་སྤོར་དང་འགྱུར་ལྡོག དཔལ་འབྱོར་འཕེལ་རྒྱས་དང་ཁྱོན་ཡོངས་འབྱོར་འབྲིང་། རྒྱུད་གཅིག་ལམ་གཅིག་དང་ཨེ་ཤ་ཡ་ལྷོ་མར་ཕྱོགས་རྒྱུ་ལམ་གཙོ་བོའི་འཛུགས་སྐྲུན་བཅས་ཡོད།

      ཚོགས་འདུའི་དུས་སྐབས་སུ། གཙོ་སྒྲུབ་པས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བོད་ལྗོངས་རིག་གནས་དངོས་མང་བཤམས་སྟོན་ཁང་གི་ཡང་སྤྲུལ་ཆེད་དོན་འགྲེམ་སྟོན་དང་མི་རིགས་དངོས་བྲིས་ཀྱི་ཆེད་དོན་གློག་བརྙན་《མི་ཡུལ་ས་གཙང་།》གི་ཐོག་མའི་འགྲེམ་སྟོན་མཛད་སྒོ། དེ་མིན་མིང་ཆིང་ནས་བཟུང་པེ་ཅིན་དང་སོག་པོ་ས་ཁུལ་གྱི་བོད་ཡིག་ཡིག་ཚགས་འགྲེམ་སྟོན་སོགས་སུ་ལྟ་སྐོར་གྱི་བྱེད་སྒོ་མང་པོ་རྩ་འཛུགས་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1