ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁོངས་མའི་སློབ་སྦྱོང་གྲོས་ཚོགས་འཚོགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-02


      སྤྱི་ཟླ་8པའི་ཚེས་1ཉིན།  ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁོངས་མིའི་སློབ་སྦྱོང་གྲོས་ཚོགས་འཚོགས་ཤིང་། གྲོས་ཚོགས་ལས་གོམ་གང་མདུན་སྤོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་བཤད་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཁག་ལ་སློབ་སྦྱོང་། ཁྲིམས་ལུགས་ཁྲིམས་སྲོལ་ཁག་ལ་སློབ་སྦྱོང་། གནས་བབ་གསར་པའི་འོག་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལས་ཀ་ཁག་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ནས། སྔར་ལས་རང་འགུལ་དང་ནུས་ལྡན་གྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་ཞབས་འདེགས་ཞུ་དགོས་བསྟན་པ་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཁྲེན་བཀང་ཀྲི་ཡིས་གནས་ཚུལ་སྙན་ཞུ་དང་སྐུལ་སློང་གསུང་བཤད་གནང་།
ཁྲེན་བཀང་ཀྲི་ཡིས་གནས་བབ་གསར་པའི་འོག་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལས་ཀ་ཁག་ལེགས་པོར་བསྒྲུབ་པ་དང་། ཁྱོན་ཡོངས་ལ་དམིགས་ནས། གོམ་གང་མདུན་སྤོས་ཀྱིས་ལེགས་ཆ་འདོན་བྱེད་པ་དང་། རང་རེའི་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་འཕེལ་རྒྱས་སུ་གཏང་ཆེད་བློ་གཅིག་སེམས་གཅིག་དང་རང་ནུས་གང་ཡོད་ཀྱིས་སྟོབས་ཤུགས་འདོན་སྤེལ་བྱ་དགོས་པ་སྟེ། གཅིག་ནས་རྐང་འཛུགས་ས་ལེགས་པོ་ཤིག་བཙལ་ནས། མཁོ་སྤྲོད་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་དང་སྐྱེ་ཁམས་རིག་གནས་འཛུགས་སྐྲུན། དམངས་འཚོ་ཕྱུགས་འགྱུར་སོགས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་ཀ་ཁག་ལ་དམིགས་ཏེ། རང་ནུས་གང་ཡོད་ཀྱིས་གྲུབ་འབྲས་གཡུར་དུ་ཟ་བ་ཤིག་ཐོབ་པར་བརྩོན་ལེན་བྱ་དགོས་པ། གཉིས་ནས་རང་འགུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་འཕེལ་རྒྱས་སུ་གཏོང་བའི་སྐབས་ཀྱི་ཁྲིམས་འཛུགས་གནད་དོན་ལ་ཞིབ་འཇུག་བྱས་ཏེ། ཁྲིམས་འཛུགས་གིས་བཅོས་བསྒྱུར་འཕེལ་རྒྱས་ལ་སྣེ་ཁྲིད་དང་འགན་ལེན། སྐུལ་འདེད་བཅས་ཀྱི་ནུས་པ་ཐོན་པར་བྱ་དགོས་པ། གསུམ་ནས་བྱེད་ཐབས་སྣ་མང་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཁྲི་26900ཡིས་ནུས་པ་འདོན་སྤེལ་བྱ་དགོས་པ།  བཞི་ནས་མི་དམངས་འཐུས་མི་འཚོགས་ཆེན་གྱི་རང་ཉིད་འཛུགས་སྐྲུན་བྱེད་པའི་ནུས་པར་ཤུགས་སྣོན་བྱས་ཏེ། རྒྱུན་ཚུལ་གསར་པའི་འོག་གི་གྲུབ་འབྲས་ཀྱིས་ཞིང་ཆེན་མི་དམངས་འཐུས་མིའི་འཚོགས་ཆེན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་བ་དང་། དོན་འཁྱོལ་ནུས་ལྡན་ཡོང་བར་ཁག་ཐེག་བྱ་དགོས་ཞེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1