ཨ་ཟེར་བྷེ་ཇན་གྱི་རྒྱལ་ས་བྷ་ཁུ་རུ་ཚད་རིམ་5.6ཅན་གྱི་ས་འགུལ་བྱུང་བ།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-03


    སྤྱི་ཟླ་8པའི་ཚེས་1ཉིན། ཨ་ཟེར་བྷེ་ཇན་རྒྱལ་ཁབ་ཀྱི་ས་འགུལ་ལྟེ་གནས་ལས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཟེར་བྷེ་ཇན་གྱི་རྒྱལ་ས་བྷ་ཁུ་རུ་ཉིན་དེར་ཚད་རིམ་5.6ཅན་གྱི་ས་འགུལ་བྱུང་།

    ས་གནས་དེ་གའི་དུས་ཚོད་8པའི་སྐར་མ་46གི་སྐར་ཆ་36སྟེང་དུ་ཨ་ཟེར་བྷེ་ཇན་གྱི་རྒྱལ་ས་བྷ་ཁུ་རུ་ཚད་རིམ་5.6ཅན་གྱི་ས་འགུལ་བྱུང་ཞིང་། ས་འགུལ་གྱི་འགུལ་ལྟེ་དེ་བྷ་ཁུ་ཡི་དབྱི་སྨི་ཧྲེན་ལི་ཁུལ་དུ་ཡོད་པ་དང་། འགུལ་ཁུངས་ཟབ་ཚད་སྤྱི་ལེ་25ཡོད་པ་རེད། 
            རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ས་འགུལ་ཁྲོད་མི་ལ་རྨས་སྐྱོན་ཕོག་མེད་པ་དང་། ས་གནས་དེ་གའི་སྡོད་ཁང་ཁ་ཤས་ལ་གྱོང་གུན་ཅུང་ཙམ་བྱུང་བ་རེད།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1