ཞིང་དཔོན་དབྱི་ལི་ཡིས་ཏེ་དབྱང་རུ་རྟོག་ཞིབ་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-04


    སྤྱི་ཟླ་8པའི་ཚེས་2ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཏེ་དབྱང་གྲོང་ཁྱེར་རུ་རྟོག་དཔྱད་ཞིབ་འཇུག་གནང་སྐབས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བའི་ཚང་འཛོམས་གྲོས་ཐེངས་བརྒྱད་པའི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་ཡུལ་གྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་བྱས་ནས། ཚན་རིག་དང་མཐུན་པ་དང་ནུས་ལྡན་གྱི་སྒོ་ནས་བཟོ་ལས་བརྟན་བརླིང་ངང་འཕེལ་རྒྱས་དང་ཁྱོན་ཡོངས་ནས་གསར་སྐྲུན་བཅོས་བསྒྱུར་བྱ་བའི་ཚོད་ལྟ་དང་། དེ་མིན་དམངས་འཚོའི་བཅོས་བསྒྱུར་སོགས་བྱ་བ་ཁག་ལ་སྐུལ་འདེད་བཏང་ཐོག ལོ་ལྔའི་འཆར་གཞི་བཅུ་གསུམ་པར་མགོ་ལེགས་པོ་ཤིག་བརྩམ་པར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན། 
    ཚོགས་ཐོག་ཏུ། དབྱི་ལི་ཡིས་ཏེ་དབྱང་གྲོང་ཁྱེར་གྱི་སྤྱི་ཚོགས་་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་ཐད་བླངས་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་སྟེ། དོན་དངོས་ཐོག་བསམ་བློ་དང་བྱ་སྤྱོད་གཉིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་གི་ཐོག་ཏུ་གཅིག་གྱུར་ཡོང་བ་བྱས་ཏེ། ས་གནས་སུ་རྐང་ཚུགས་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། འགན་འཁྲིའི་འདུ་ཤེས་ལ་མཐོང་ཆེན་དང་། རྣམ་གྲངས་སོ་སོའི་ལས་ཀ་ཁག་དམ་འཛིན་བྱས་ནས། ལོ་ཧྲིལ་བོའི་དམིགས་ཡུལ་ལས་འགན་ཁག་མངོན་འགྱུར་ཡོང་བར་ཁག་ཐེག་བྱ་དགོས་པ་སྟེ། གཅིག་ནི་འཐབ་ཇུས་ཀྱི་ནུས་པ་བརྟན་པོ་ཡོང་བར་བྱས་ཏེ། གཏིང་ཟབ་སྒོས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མོ་གསུམ་ལག་བསྟར་ཡོང་བ་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་བྱས་ཏེ། དཔལ་འབྱོར་མགྱོགས་མྱུར་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་བ། གཉིས་ནི་ནན་ཏན་གྱིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟའི་ས་ཚིགས་ལ་སྐུལ་འདེད་བཏང་ཐོག ཧུར་ཐག་གིས་རང་བདག་གིས་གསར་སྐྲུན་བྱེད་པའི་ནུས་པ་མཐོར་འདེགས་དང་། ཚན་རིག་གི་གྲུབ་འབྲས་རིམ་འགྱུར་ཡོང་བར་བྱེད་པ་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་སྔར་ལས་འབུར་ཐོན་ཡོང་བར་སྐུལ་འདེད་གཏང་དགོས་པ། གསུམ་ནི་ནན་ཏན་གྱིས་ཞིང་ཆེན་ཏང་ཨུ་ཡི་ལྗང་མདོག་འཕེལ་རྒྱས་སུ་གཏང་བ་དང་། མཛེས་སྡུག་ཡིད་དུ་འོང་བའི་སི་ཁྲོན་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་སོ་སོའི་ལས་ཀའི་སྐོར་ལ་སྐུལ་འདེད་གཏང་བ། ཧུར་ཐག་གིས་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་ཁྱབ་ཁོངས་དང་འབག་མེད་དྭངས་གཙང་གི་ཐོན་ལས་མ་ལག་བཅས་སྒྲིག་འཛུགས་བྱེད་དགོས་པ། བཞི་ནི་མཁོ་སྤྲོད་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་དང་དམངས་འཚོའི་བྱ་བ་སོགས་ལ་འགན་ལེན་བྱ་དགོས་པ། ལྔ་ནི་གོམ་གང་མདུན་སྤོས་ཀྱིས་བསམ་བློ་བཅངས་འགྲོལ་བཏང་ཐོག  འཇོན་མི་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་། སྲིད་ཇུས་ཀྱི་བྱེད་ཐབས་དང་མ་དངུལ་གཏོང་འཇོག་བྱས་ནས་བྱ་བཞག་བཏོད་པའི་ཚོང་གཉེར་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པའི་ཐད་དུ་འབད་པ་བྱས་ནས། ཆེད་ལས་རིགས་སྣ་ཚོགས་ཀྱི་འཇོན་མིའི་བརྩོན་སེམས་རང་བཞིན་དང་གསར་སྐྲུན་རང་བཞིན་ལ་སྐུལ་སློང་བྱས་ཏེ། སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏང་བར་སྒུལ་ཤུགས་འདོན་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1