སྐད་གྲགས་ཆེ་པའི་ཁེ་ལས་པ་བརྒྱ་ལྷག་དཀར་མཛེས་སུ་ཚོང་གྱི་ལས་གོ་སྐབས་འཚོལ་སར་ཕེབས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 08-10


སྤྱི་ཟླ་8པའི་ཚེས་10ཉིན།  སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོ་སྐད་གྲགས་ཆེ་བའི་ཁེ་ལས་དཀར་མཛེས་ཕེབས་ཞེས་པའི་མ་འཇོག་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་མིང་རྟགས་འགོད་པའི་མཛད་སྒོ་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་རུ་སྤེལ།

སྐད་གྲགས་ཆེ་བའི་ཁེ་ལས་པ་102དཀར་མཛེས་སུ་ཚོང་ལས་གོ་སྐབས་འཚོལ་ས་ཕེབས། མཉམ་ལས་གྲོས་མཐུན་16ལ་མིང་རྟགས་བཀོད་པ་དང་གྲོས་མཐུན་གྱི་མ་དངུལ་འཇོག་ཚད་དུང་ཕྱུར་205ཟིན། 

ཐེངས་འདིའི་བྱེད་སྒོའི་ཐོག་དཀར་མཛེས་ཁུལ་གྱིས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་198འོས་སྦྱོར་བྱས་པ་དང་རྣམ་གྲངས་ནི་ཡུལ་སྐོར་རིག་གནས། ཁྱད་ལྡན་གྱི་ཞིང་འབྲོག་ལས་རིགས།  བཟོ་ལས།  བོད་ལུགས་གསོ་རིགས་སྨན་རྫས་སོགས་དང་འབྲེལ་ཡོད།   ཚོད་རྩིས་བྱས་ན་མ་འཇོག་བསྡོམས་འབོར་དུང་ཕྱུར་639.47ཟིན། 

ཤེས་རྟོགས་བྱུང་བར་ལྟར་ན།   2014ལོ་ནས་བཟུང་།   དཀར་མཛེས་ཁུལ་གྱིས་སྐད་གྲགས་ཆེ་བའི་ཁེ་ལས་དཀར་མཛེས་ཕེབས་ཞེས་པའི་བྱེད་སྒོ་དང་འོས་སྦྱོར་བྱེད་སྒོ་ཐེངས་32སྤེལ་པ་དང་ཁེ་ལས་1000ལྷག་ནང་དུ་ཞུགས་ཡོད།  འོས་སྦྱོར་བྱས་པའི་རྣམ་གྲངས་360ལྷག་དང་ཆིངས་རྒྱ་34བཞག  མ་དངུལ་འཇོག་ཚད་དུང་ཕྱུར་166.7ཟིན་པ་དང་ཕྱི་ཕྱོགས་དང་མཉམ་འདྲེས་ཇེ་ཡངས་སུ་གཏང་པ་དང་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1