དཔལ་ཡུལ་རྫོང་ལག་མཛུབ་སྐོར་བྲོའི་གསར་འགྱུར་ཁྱབ་བསྒྲགས་དར་མདོ་རུ་ཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-11


སྤྱི་ཟླ་8པའི་ཚེས་11ཉིན། དཔལ་ཡུལ་རྫོང་གི་སྲོལ་རྒྱུན་ལག་མཛུབ་སྐོར་བྲོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དར་མདོ་རུ་སྤེལ།

ཀྲུང་གོའི་ཞབས་བྲོ་བཤམས་སྟོན་ཁང་གི་ཞིབ་འཇུག་པ་ཝང་སྒྲོལ་མ་དང་ཞིང་ཆེན་སྒྱུ་རྩལ་ཞིབ་འཇུག་སློབ་གླིང་གི་གླུ་དང་ཞབས་བྲོ་ཞིབ་འཇུག་ཁང་གི་འགོ་བ་གཞོན་པ།  ཞིབ་འཇུག་པ། དངོས་མེད་རིག་གནས་སྲུང་སྐྱོང་ཆེད་མཁས་པའི་ཨུ་ཡོན། ཞིང་ཆེན་ཞབས་བྲོ་མཐུན་ཚོགས་ཀྱི་ཚོགས་མི། དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ལས་འཛིན་པ་སློབ་དཔོན་ཆེན་མོ་ཡང་ལིན། ཁམས་པ་བརྙན་འཕྲིན་ཁང་གི་བྱམས་པའི་ཁ་བརྡ་ལེ་ཚན་གྱི་འགོ་འཛིན། བོད་རིགས་ཆེད་མཁས་པ་དགེ་རྒན་ཆེན་མོ་བྱམས་པ་རྡོ་རྗེ་དང་དཔལ་ཡུལ་རྫོང་གི་འབྲེལ་ཡོད་འགོ་ཁྲིད། གསར་འགྱུར་དང་སྨྱན་སྦྱོར་སོགས་སྡེ་ཁག་60ལྷག་ཐེངས་འདིའི་ཚོགས་འདུ་རུ་ཞུགས།


ལག་མཛུབ་སྐོར་བྲོ་ནི་ཁམས་ཁུལ་གྱི་དཔལ་ཡུལ་རྫོང་ནས་གསར་རྙེད་བྱུང་པ་དང་རྒྱལ་ནང་གི་ཆེད་མཁས་པ་མང་པོ་གདན་འདྲེན་བྱས་ནས་ཞིབ་འཇུག་དང་རྟག་དཔྱད་བྱས་རྗེས་དཔལ་ཡུལ་རྫོང་ཁུལ་དུ་མ་གཏོགས་མེད་པ་ར་སྤྲོད་བྱས། ལག་མཛུབ་སྐོར་བྲོ་ནི་གོང་མཛུབ་དང་དཀྱིལ་མཛུབ་ཀྱིས་འཁྲབ་སྟོན་བྱེད་པའི་རྣམ་པ་ཞིག་ཡིན་པ་དང་། ངག་ནས་གླུ་ལེན་པ་དང་སྐོར་བྲོ་ཡི་རིགས་དང་ཆ་ཧ་ཅང་འདྲ་བོ་འདུག མི་འདྲ་ས་གཅིག་ནི་སྐོར་བྲོ་ནི་ལངས་ནས་རྐང་ལག་གཙོ་བྱས་ནས་སྟངས་སྟབས་ཀྱིས་འཁྲབ་པའི་རིགས་ཤིག་ཡིན་པ་དང་ལག་མཛུབ་སྐོར་བྲོ་ནི་རང་གནས་སུ་སར་སྡོད་དེ་ལག་པའི་མཛུབ་མོས་འཁྲབ་སྟོན་བྱེད་པའི་རྣམ་པ་ཞིག་རེད། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1