གངས་དཀར་རི་བོ་ཞེས་པའི་གློག་བརྙན་སྟོན་ཐེངས་དང་པོ་དར་མདོ་རུ་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 08-11


སྤྱི་ཟླ་8པའི་ཚེས10ཉིན། མིང་དུ་གྲགས་པའི་རྒྱལ་ཁབ་རིམ་པའི་སྒྱུ་རྩལ་པ་ལིན་ཆའང་དང་དཀར་མཛེས་ཁུལ་གྱི་པར་བ་གྲགས་ཅན་རྡོ་རྗེ་ཕུན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་དངོས་བྱུང་གི་གནས་ཚུལ་ལས་བཅོས་སྒྲིག་བྱས་པའི་གློག་བརྙན་གངས་དཀར་རི་བོ་ཞེས་པའི་ཐོག་མའི་འགྲེམ་སྟོན་གྱི་མཛད་སྒོ་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས།

ཀྲུང་གོའི་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ་བསྟན་འཛིན་དང་དཀར་མཛེས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ། དཀར་མཛེས་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀ་ལིན། ཀྲུང་གོའི་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། མིང་དུ་གྲགས་པའི་འཁྲབ་ཁྲིད་པ་དབྱི་ལི། ཧྲང་ཧའེ་གློག་བརྙན་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་གཉེར་བ་རེན་ཀྲུང་ལིན། ཐེན་ཏའེ་གློག་བརྙན་དང་བརྙན་འཕྲིན་ཀུང་སུའི་སྤྱི་གཉེར་པ་ཡན་ཚོང་ཧ་སོགས་དང་། གློག་བརྙན་སྒྲིག་བཟོ་ཚན་ཆུང་གི་འཁྲབ་སྟོན་པ་དང་ལས་བཟོ་བ་ཚང་མ་མཛད་སྒོར་ཞུགས། 

རྒྱུས་ལོན་བྱུང་བ་ལྟར་ན། གངས་དཀར་རི་བོ་ཞེས་པའི་གློག་བརྙན་ནི་སི་ཁྲོན་ཧེ་ཀྲུའུ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་ཁྲེན་ཏུའུ་རྡོ་རྗེ་ཕུན་ཚོགས་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་ཕབ་བསྐྲུན་བྱས་ཤིང་།

གློག་བརྙན་དུ་དྭངས་གཙང་ལྷད་མེད་ཀྱི་མི་གཤིས་དང་། མི་རིགས་བར་གྱི་བརྩེ་སེམས་ཟབ་མོ། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་སོགས་བརྗོད་དོན་དུ་བཟུང་ཞིང་། དེ་ནི་བསམ་བློ་དང་རིག་གནས། རང་གཤིས་བཅས་འཛོམས་པའི་རིག་རྩལ་གློག་བརྙན་ཞིག་རེད། ལྷག་པར་དུ་མི་རིགས་མཐུན་སྒྲིལ་གྱི་དྲང་བདེན་སྟོབས་ཤུགས་དེ་བརྒྱུད་སྤེལ་བྱས་ཡོད་པར་མ་ཟད། བོད་ཁུལ་གྱི་འཚོ་བ་དངོས་ལ་དམིགས་ནས་དགེ་ལེགས་ལགས་དང་རྒྱ་རིགས་སྤུན་ཟླ་མང་པོ་ཞིག་གམ་ཡང་ན། སྤུན་ཟླའི་མི་རིགས་གཞན་པ་དང་གྲོགས་པོ་བསྒྲིགས་ཏེ་ཐུན་མོང་སྒོས་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱས་པའི་མི་སེམས་སྒུལ་བའི་དོན་བརྗོད་གློག་བརྙན་ཞིག་ཡིན།

གློག་བརྙན་འདིའི་ནང་དུ་གཏམ་རྒྱུད་དང་ལོ་རྒྱུས། རིག་གནས་དང་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོའི་དྲང་བདེན་གྱི་སྟོབས་ཤུགས་འདུས་ཡོད། གློག་བརྙན་འདིས་གངས་དཀར་རི་བོའི་བརྗིད་ཉམས་དང་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་ལེན་པ་བརྗོད་སྙིང་དུ་བཟུང་བའི་དུས་མཚུངས་སུ་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་མ་པོའང་ལྟད་མོ་བའི་མིག་གི་དགའ་སྟོན་དུ་ཕུལ་ཡོད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1