སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་དེ་དར་མདོ་ནས་བདེ་ལེགས་ངང་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-12



མཇུག་སྒྲིལ་མཛད་སྒྲིལ་མཛད་སྒོའི་ཡུལ་དངོས།

སྤྱི་ཟླ་8པའི་ཚེས་11ཉིན་གྱི་དགུང་མོར། དུས་ཡུན་ཉིན་གསུམ་རིང་གི་མཛེས་སྡུག་གི་ཁམས་པ་དག་གཙང་གི་ཁྱིམ་གཞིས་བརྗོད་སྙིང་བྱས་པའི་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་སི་ཁྲོན་དར་མདོ་གྲོང་ཁྱེར་ནས་བདེ་ལེགས་སྤེལ།


མཇུག་སྒྲིལ་མཛད་སྒོའི་ཡུལ་དངོས།

སི་ཁྲོན་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལི་ཁྲེང་མིང་དང་དཀར་མཛེས་ཁུལ་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རིན་ལི་ཁང་། དཀར་མཛེས་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཡེ་ཤེས་ཟླ་བ་སོགས་དང་ད་དུང་མཚོ་སྔོན་དང་ཡུན་ནན། བོད་ལྗོངས་སོགས་ནས་ཕེབས་པའི་འགོ་ཁྲིད་དང་སྐུ་མགྲོན་རྣམས་པ་འགོ་ཚུགས་མཛད་སྒོར་ཞུགས།

ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་དར་ཆ་ཡུན་ནན་བདེ་ཆེན་ལ་སྤྲོད་བཞིན་པ།

ཧྲུའུ་ཅི་ལི་ཁྲེང་མིང་གི་ངག་བཅོལ་ལྟར་ཁུལ་དཔོན་ཡེ་ཤེས་ཟླ་བས་མཇུག་སྒྲིལ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ་དང་2020ལོའི་སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གཙོ་སྐྱོང་གནང་མཁན་ཡུན་ནན་བདེ་ཆེན་ཁུལ་ཡིན་པ་ཁྱབ་བསྒྲགས་གནང་ལ་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་དར་ཆ་དེ་ཡུན་ནན་བདེ་ཆེན་ཁུལ་ལ་སྤྲད།

མཇུག་སྒྲིལ་མཛད་སྒོའི་ཡུལ་དངོས།

ཡིད་ཀྱི་དངས་པ་འདྲེན་པའི་སྙན་མོའི་གླུ་དང་སེམས་ཀྱི་ངལ་དུབ་སངས་པའི་སྐྱིད་པའི་གར་གྱི་ཁྲོད་ནས་བདེ་ལེགས་མཇུག་སྒྲིལ། །

གླུ་མ་ཚེ་དབང་ལྷ་མོ།

   ཨ་ལན་ཟླ་བ་སྒྲོལ་མ།


ཡིད་དབང་འཕྲོག་པའི་ཞབས་བྲོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1