ཁྲོན་བོད་གློག་ཤུགས་སྦྲེལ་དྲས་བོད་ཁུལ་མང་ཚོགས་བདེ་སྐྱིད་བསྐྲུན།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-17


        བོད་ལྗོངས་ཆབ་མདོ་ཡིས་གློག་ཤུགས་སྦྲེལ་དྲ་སྟེ་ཁྲོན་བོད་མཉམ་སྦྲེལ་དྲ་བ་ནས་ཧྭ་བྱང་གློག་དྲ་རུ་དུས་ཚོད་རེར་སྟོང་ཝ་ཁྲི་7269དྲངས་ནས། ཆེས་མཐོ་བའི་གློག་འདྲེན་ཚད་སྟོང་ཝ་ཁྲི6.5ལ་སླེབས་ཤིང་། དེ་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་66.3གཏོང་འཇོག་བྱས་པ་དང་། ཤར་ནས་སི་ཁྲོན་ཞིང་ཆེན་གྱི་ཕྱག་ཕྲེང་རྫོང་ནས་འགོ་བརྩམས་ཏེ། འབའ་ཐང་དང་བོད་ལྗོངས་ཀྱི་ཆབ་མདོ་བརྒྱུད་པ་དང་། དེའི་ཁྲོད་དུ་རིང་ཚད་ལ་སྤྱི་ལེ་1521ཡོད་པའི་ཆན་ཕུའུ་500ཡི་ལམ་ཐིག་དང་གློག་སྒྱུར་ས་ཚིགས་བཞི་ཡི་ཁྲོན་བོད་དྲ་འབྲེལ་བཟོ་སྐྲུན་དེ་སྤྱི་ལོ་2014ལོའི་ཟླ་11པར་འཛུགས་སྐྲུན་བྱས་པར་མ་ཟད་ཁོར་རྒྱུགས་བྱས་པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་ལ་དུས་ཚིག་རང་བཞིན་གྱི་གློག་དཀོན་པ་དང་གློག་དྲ་ཡིས་ཁེབས་ཚད་དམའ་བའི་གནད་དོན་ཁག་ཐག་གཅོད་བྱས་ནས། བོད་ཁུལ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་པ་དང་། ཆུ་འབྲུབ་དུས་སྐབས་སུ་གློག་ཤུགས་ལྷག་མ་ཕྱིར་སྐྱེལ་བྱེད་པའི་བགྲོད་ལམ་ཤིག་ཕྱེས་ཏེ། ཆབ་མདོ་དེ་རྒྱབ་ཁབ་ཀྱི་ནུབ་གློག་ཤར་འདྲེན་བྱེད་པའི་ནུས་ཁུངས་གི་རྟེན་གཞི་གལ་ཆེན་ཤིག་དུ་འགྱུར་ཡོད།།

 
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1