ལོ་ངོ་3000ལྷག་སྔོན་གྱི་གནའ་བོའི་གཏོར་གཟུགས་བང་སོ་ཧ་སག་སི་ཐན་གསར་རྙེད་བྱུང་།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-17


    

   གནའ་རྫས་རྟོག་ཞིབ་རིག་པ་བས་ཧ་སག་སི་ཐན་ནས་ལི་ཆས་སྤྱོད་པའི་དུས་རབས་ཀྱི་གཏོར་གཟུགས་བང་སོ་གསར་དུ་རྙེད།  དེ་ནི་ཨེ་ཅིབ་ཀྱི་ཆའོ་སའེ་ཨེར་གཏོར་གཟུགས་བང་སོ་དང་ཤིན་ཏུ་འདྲ་ལ། འཛུགས་སྐྲུན་གྱི་ལོ་ཚིགས་ཨེ་ཅིབ་ཀྱི་གཏོར་གཟུགས་མཆོད་རྟེན་དང་བསྡུར་ན་ལོ་ངོ་1000ཡི་སྔ་བ་རེད། 
   སྤྱི་ཟླ་8པའི་ཚེས་15ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ལས་བསྒྲགས་པའི་གནས་ཚུལ་ལྟར་ན། གནའ་རྫས་རྟོག་ཞིབ་རིག་པ་བས་བཤད་པ་ལྟར་ན། ཁོང་ཚོ་ཧ་སག་སི་ཐན་རྩྭ་ཐང་གི་ལུང་ཁུག་ཏུ་ད་ལྟ་གྱང་རོ་གྱུར་པའི་ཨེ་ཅིབ་གཏོར་གཟུགས་བང་སོ་རྙེད་པ་དང་། ཁེ་རོའི་ཆེས་བྱང་སའི་དང་བར་ཐག་སྤྱི་ལེ་6000ལྷག་ཡོད་པ་རེད། གཏོར་གཟུགས་བང་སོ་འདིའི་སྒྲིག་གཞི་ཨེ་ཅིབ་ཀྱི་ཆའོ་སའེ་ཨེར་གཏོར་གཟུགས་བང་སོ་(Pyramid of Djoser)འདྲ་ནའང་། ཨེ་ཅིབ་ཀྱི་ཆའོ་སའེ་ཨེར་གཏོར་གཟུགས་བང་སོ་དང་བསྡུར་ན་འཛུགས་སྐྲུན་གྱི་ལོ་ཚིགས་1000སྔ་བ་རེད།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1