ལི་ཐང་རྫོང་གི་དུད་ཚང་དབུལ་པོ་94གཅིག་སྡུད་བཀོད་སྒྲིག་ཁུལ་དུ་གནས་སྤར་རྒྱུ་རེད།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 08-18


                   ཉེ་ཆར།  གསར་འགོད་པས་ལི་ཐང་རྫོང་དབུལ་བྲལ་འགག་སྒྲོལ་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་པ་ལྟར་ན།   ད་ལོ།  དུད་ཚང་དབུལ་པོ་94གཅིག་བསྡུས་བཀོད་སྒྲིག་ཁུལ་དུ་སྤོས་རྒྱུའི་འཆར་གཞི་ཡོད། 
                   རྫོང་ཡོངས་ཀྱི་གནས་སྤོ་བཀོད་སྒྲིག་ལས་དོན་ལ་སྐུལ་འདེད་དང་ལི་ཐང་རྫོང་གི་དུད་ཚང་དབུལ་པོར་ཐོ་འགོད་བྱང་བུ་བཟོས་ནས་སྡོད་ཁང་གི་གནད་དོན་ཐག་བཅོད་ལེགས་པོ་བྱ་ཆེད།  ཞིབ་དཔྱད་ཐེངས་མང་བྱས་ནས། ལི་ཐང་རྫོང་གི་བཟོ་ལས་ཁུལ་གྱི་མཐའ་སྐོར་ས་ཞིང་མུའུ་300བསྡུས་ནས་གནས་སྤོ་དུད་ཚང་གི་གཅིག་བསྡུས་བཀོད་སྒྲིག་ཁུལ་བཟོ།  2016ལོ་ནས་2020ལོ་བར་རིམ་པར་དབྱེ་ནས་དུད་ཚང་དབུལ་པོ་ཀྱི་སྡོད་ཁང་གནད་དོན་ཐག་བཅོད་བྱས་པ་རེད།   2016ལོར་དུད་ཚང་དབུལ་པོ་94དང་དབུལ་པོ་མི་གྲངས་315ལ་སྡོད་ཁང་གི་གནད་དོན་ཐག་བཅོད་བྱེད་པའི་འཆར་གཞི་གཏན་ཁེལ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1