མཛོད་དགེ་རྫོང་གིས་གྲོང་ཁྱེར་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-18


      2016ལོ་ནས་བཟུང་། མཛོད་དགེ་རྫོང་གིས་རྒྱུན་ཆད་མེད་པར་གྲོང་སྲིད་འཛུགས་སྐྲུན་ཤུགས་ཇེ་ཆེར་བཏང་ནས། དུས་ཡུན་རིང་པོར་གྲོང་ཁྱེར་དོ་དམ་དང་འཛུགས་སྐྲུན་གྱི་དཀའ་ཁག་སེལ་ཐུབ་པ་བྱུང་།
      རྒྱུས་ལོན་བྱས་བ་ལྟར་ན། གྲོང་སྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་བཏང་ནས་བཙོག་ཆུ་ཕྱིར་འདྲེན་པའི་གནད་དོན་ཐག་གཅོད་བྱ་ཆེད། མཛོད་དགེ་རྫོང་གིས་སྐྱ་རེངས་སྲང་ལམ་གྱི་ཆུ་དང་གློག་སྐུད་སྦུག་ལམ་བཟོ་བཅོས་བཅས་གློག་སྐུད་གསུམ་ས་འོག་ཏུ་འདྲེན་པའི་འཛུགས་སྐྲུན་ལ་སྒོར་དུང་ཕྱུར་1960གི་མ་དངུལ་བཏང་། ཚོད་དཔག་བྱས་ན། ཟླ་8པའི་ཟླ་མཇུག་དུ་ལས་ཀ་ལེགས་གྲུབ་བྱུང་རྒྱུ་རེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1