ཞིང་དཔོན་དབྱི་ལི་ཡིས་ཀྲུང་ཞིན་དངུལ་ཁང་གི་འགོ་འཛིན་ལི་ཆིང་ཕིང་ལ་འཇལ་འཕྲད་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-19


        སྤྱི་ཟླ་8པའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་དབྱི་ལི་ཡིས་ཁྲེན་ཏུའུ་ནས་ཀྲུང་ཞིན་དངུལ་ཁང་གི་འགོ་འཛིན་ལི་ཆིན་ཕིང་དང་ལྷན་ཕེབས་རྣམས་ལ་འཇལ་འཕྲད་གནང་།    
        དབྱི་ལི་ཡིས་སི་ཁྲོན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པའི་གནས་ཚུལ་སྐོར་ངོ་སྤྲོད་གནང་བ་དང་། ཀྲུང་ཞིན་དངུལ་ཁང་གིས་སི་ཁྲོན་འཕེལ་རྒྱས་སུ་འགྲོ་བའི་ཁྲོད་དུ་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་གནང་སྟེ། ཀྲུང་ཞིན་དངུལ་ཁང་ཡང་ཁྲེན་ཏུའུ་ནུབ་རྒྱུད་ཀྱི་དངུལ་རྩའི་ལྟེ་གནས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞུགས་པ་དང་། ཧུར་ཐག་གིས་སི་ཁྲོན་གྱི་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་པ། དེ་མིན་དངུལ་རྩའི་གསར་སྐྲུན་བྱེད་ཐབས་བཀོལ་ནས་དབུལ་སྐྱོར་ལ་ཤུགས་སྣོན་པ་དང་། གོམ་གང་མདུན་སྤོས་ཀྱིས་སི་ཁྲོན་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཁྲོད་དུ་ཞུགས་པར་རེ་བ་ཡོད་ཅེས་གསུངས། 
         ལི་ཆིང་ཕིང་གིས་ཀྲུང་ཞིན་དངུལ་ཁང་གིས་སི་ཁྲོན་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། མཁའ་འགྲུལ་མཁའ་སྐྱོད་དང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པ་སོགས་ཐོན་ལས་རིགས་ལ་སྤྲོད་སྣང་ཆེན་པོ་ལྡན་པས། ཕྱོགས་གཉིས་ཀྱིས་མཉམ་གཅིག་ཏུ་འབད་བརྩོན་བྱས་ཏེ་གཉིས་ཕན་མཉམ་རྒྱལ་ཡོང་བར་སྐུལ་འདེད་གཏང་བའི་རེ་བ་ཡོད་ཅེས་གསུང།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1