སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་འགོ་འཛུགས་པའི་མཛད་སྒོའི་དགོང་ཚོགས་པེ་ཅིང་དུ་འཚོགས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-19


  

          ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ།  བློ་སེམས་གཅིག་ཏུ་སྒྲིལ་ནས་ཀྲུང་གོའི་ཕུགས་འདུན་བསྐྲུན། སྤྱི་ཟླ་8་པའི་ཚེས་18ཉིན།  སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་འགོ་འཛུགས་པའི་མཛད་སྒོའི་དགོང་ཚོགས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས།   ཞི་ཅིན་ཕིང་དང་ལི་ཁེ་ཆང་།  ཡུས་ཀྲེང་ཧྲེན།  ལིའུ་ཡུན་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་མང་ཚོགས་3000ལྷག་གིས་མཉམ་དུ་དགོང་ཚོགས་ལ་གཟིགས།

  ཆུ་ཚོད་20སྟེང་། ཞི་ཅིན་ཕིང་སོགས་དགོང་ཚོགས་ཡུལ་དངོས་སུ་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་། གླུ་གར་འཁྲབ་སྟོན《ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ།》དང་འགྲོགས་ཏེ་རིག་རྩལ་དགོང་ཚོགས་དངོས་སུ་འགོ་ཚུགས།  དགོང་ཚོགས་ཧྲིལ་པོར་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཐོག་ནས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་འཚོགས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་འོག་མི་རིགས་ཁག་གི་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་བློ་སེམས་གཅིག་སྒྲིལ་དང་ཕན་ཚུན་ལྟ་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་པའི་འགྱུར་མེད་ཀྱི་ཆོད་སེམས་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས། མཇུག་ཏུ《བློ་སེམས་གཅིག་མཐུན་ངང་ནས་ཀྲུང་གོའི་ཕུགས་འདུན་བསྐྲུན།》ཞེས་པའི་སྤྲོ་སྣང་ལྡན་པའི་རོལ་དབྱངས་དང་མི་རིག་ཁག་གི་འཁྲབ་སྟོན་པའི་དགའ་སྤྲོ་འཁོལ་བའི་གླུ་གར་ཁྲོད་དགོང་ཚོགས་མཇུག་སྒྲིལ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1