ཞི་ཅིན་ཕིང་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-22



        རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཚེས19ཉིན་ནས་ཚེས་20ཉིན་བར་པེ་ཅིང་ནས་ཚོགས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གལ་ཆེན་གནང་། ཁོང་གིས་དམངས་ཡོངས་ཀྱི་བདེ་ཐང་མེད་ན་ཁྱོན་ཡོངས་ཀྱི་འབྱོར་འབྲིང་མེད་པས། མི་དམངས་ཀྱི་བདེ་ཐང་དེ་དམིགས་བསལ་གྱིས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གོ་གནས་སུ་བཞག་སྟེ། བདེ་ཐང་འཚོ་བ་ཁྱབ་གདལ་དུ་གཏོང་བ་དང་། བདེ་ཐང་ཞབས་ཞུ་ལེགས་སྒྱུར་བྱེད་པ། བདེ་ཐང་འགན་སྲུང་འཐུས་ཚང་དུ་གཏོང་བ། བདེ་ཐང་ཁོར་ཡུག་འཛུགས་སྐྲུན་བྱེད་པ། བདེ་ཐང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བཅས་གཙོ་གནད་དུ་འཛིན་པ་དང་། བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་མྱུར་དུ་སྤེལ་ནས། ཕྱོགས་ཡོངས་དང་དུས་འཁོར་ཡོངས་སུ་མི་དམངས་ཀྱི་བདེ་ཐང་ལ་ཧུར་ཐག་གིས་འགན་སྲུང་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བདེ་ཐང་གི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན། 

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུའི་སྟེང་གསུངས་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲང་ཏེང་ཅང་དང་ཡུས་ཀྲིན་ཧྲན། ལི་ཡུན་ཧྲན། ཝང་ཆི་ཧྲནབཅས་ཚོགས་འདུར་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1