ཡོངས་འཛིན་བོད་ཡིག་འཚོལ་བཤེར་དངོས་སུ་འཛམ་གླིང་ལ་ཤར་གཏོང་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ། སྤེལ་དུས། 08-22


 

        སྤྱི་ཟླ8པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཚོགས་དང་མཚོ་ལྷོ་ཁུལ་བོད་ཡིག་བརྡ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་བརྡ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སི་རོགས་སྒྲུབ་བྱས་བའི་ཡོངས་འཛིན་འཚོལ་བཤེར་མ་ལག་ཤར་གཏོང་མཛད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་འཚོགས།

        ངོ་སྤྲོད་བྱས་པ་ལྟར་ན། ཡོངས་འཛིན་འཚོལ་བཤེར་ནི་བོད་ཡིག་གི་དྲ་ཐོག་ཆ་འཕྲིན་འཚོལ་བཤེར་གྱི་མ་ལག་ཅིག་ཡིན་ཏེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་ལས་ཀའི་ཨུ་ཡོན་ལྷན་ཁང་གིས2013ལོ་ནས་ལས་གཞིའི་འགོ་བརྩམས་པ་དང་། ད་ལྟ་གསར་འགྱུར་དང་དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་ལེ་ཚན་ཆེན་པོ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཏུ་གྲུབ་ཡོད་ཅིང་། འཛམ་གླིང་གི་བོད་ཡིག་འཚོལ་བཤེར་ཆེས་ཐོག་མ་དང་ཆེས་ཆེ་ཤོས་སུ་ཆགས་ཡོད། ཡོངས་འཛིན་འཚོལ་བཤེར་ལེགས་གྲུབ་བྱུང་བས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྟོང་ཆ་མི་ཉུང་བ་ཞིག་ཁ་བསྐངས་ཡོད་པ་མ་ཟད། བོད་ཀྱི་རིག་གནས་བསྐྱར་སྐྲུན་དང་གསར་སྐྲུན་གྱི་ཐད་ལའང་དགེ་མཚན་མི་དམན་པ་བཞག་ཡོད།།

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1