ཞིང་ཆེན་སྲིད་གྲོས་ཀྱི་རྟོག་ཞིབ་ཚན་ཆུང་དཀར་མཛེས་ཁུལ་དུ་ཕེབས་ཏེ“མི་རིགས་ཀྱི་སྨན་བཅོས་རྒྱུན་འཛིན་དང་འཕེལ་རྒྱས”ཐད་ལ་ཞིབ་བཤེར་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


        སྤྱི་ཟླ་8པའི་ཚེས་16ནས་19བར། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཀྲན་རུང་གིས་ཞིང་ཆེན་གྱི་རྟོག་ཞིབ་ཚན་ཆུང་སྣེ་ཁྲིད་དེ་དཀར་མཛེས་ཁུལ་དུ“་མི་རིགས་ཀྱི་སྨན་བཅོས་རྒྱུན་འཛིན་དང་འཕེལ་རྒྱས”ཐད་ལ་ཞིབ་བཤེར་ལས་ཀ་སྤེལ། རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་དར་མདོ་གྲོང་ཁྱེར་གྱི་འགག་པ་དང་མགོ་བཏགས་སྨད་པ། དར་མདོ་ཨེ་དབེན་ཀུང་སུའི་བོད་སྨན་ལས་རིགས་ཀྱི་འདེབས་འཛུགས་ལྟེ་གནས་དང་། རོང་བྲག་རྫོང་སྟོན་དགུ་ཡུལ་ཤོག་གཡང་ཤིང་སྡེ་བའི་བོད་སྨན་ལས་རིགས་ཀྱི་འདེབས་འཛུགས་ལྟེ་གནས།  དེ་མིན་རོང་བྲག་རྫོང་ཀྲུང་ལུགས་བོད་ལུགས་སྨན་ཁང་དང་དཀར་མཛེས་ཁུལ་བོད་སྨན་ཁང་བཅས་ལ་ཕེབས་ཏེ་བོད་སྨན་ལས་དོན་ལ་རྟོག་ཞིབ་མཛུབ་ཁྲིད་གནང་བ་མ་ཟད། ད་དུང་དཀར་མཛེས་ཁུལ་དང་མཉམ་དུ“མི་རིགས་ཀྱི་སྨན་བཅོས་རྒྱུན་འཛིན་དང་འཕེལ་རྒྱས”ཐད་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1