བོད་ལྗོངས་ཆབ་མདོའི་སྨར་ཁམས་བོད་གཞས་སོགས་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཁག་6གྲངས་གཞི་ཅན་དུ་མངོན་འགྱུར་བྱུང་།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།བོད་ལྗོངས་གསར་འགྱུར་དྲ་བ། སྤེལ་དུས། 08-23


       རྒྱལ་ཁབ་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་གྲངས་གཞི་ཅན་དུ་སྒྱུར་བའི་སྲུང་སྐྱོབ་ཚོད་ལྟ་ཁག་དང་པོའི་གྲངས་ཉུང་མི་རིགས་ཀྱི་ཚོད་ལྟའི་ས་ཁུལ་གཅིག་པུ་སྟེ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་སྨར་ཁམས་བོད་གཞས་དང་སྟེང་ཆེན་རས་པ། སྨར་ཁམས་གནའ་བོའི་ལྷོ་ཚྭ་བཟོ་བའི་ལག་རྩལ་སོགས་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཁག་6ཨང་གྲངས་ཅན་དུ་ལེགས་སྒྲིག་དང་འཚོལ་སྡུད། ལས་དོན་ཐོ་འགོད་སོགས་བྱས་པས། གནའ་བོའི་རིག་གནས་དང་སྒྱུ་རྩལ་ལ་དེང་རབས་ཅན་གྱི་ལག་རྩལ་གྱིས་སྲུང་སྐྱོབ་བྱེད་པ་མངོན་འགྱུར་བྱུང་། གཞན་ད་དུང་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་གཉིས་ཏེ། ཁ་རུབ་ས་ཁུལ་གྱི་ཀརྨ་སྒར་བྲིས་ལུགས་དང་འཇོ་མདའ་སྤོ་ལོའི་པར་རྐོ་ལག་རྩལ་གཉིས་གྲངས་གཞི་ཅན་དུ་སྒྱུར་བའི་ལས་ཀ་ཡང་ལོ་གཉིས་ནང་ཚུན་ལ་ལེགས་འགྲུབ་བྱ་རྒྱུ་རེད། 
       ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་གཟུགས་མེད་ཤུལ་བཞག་རིག་གནས་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཁང་ཆུང་གིས་ངོ་སྤྲོད་བྱས་པ་ལྟར་ན།  མདོ་ཁམས་ས་ཁུལ་གྱི་ཕུན་སུམ་ཚོགས་ཤིང་འོད་སྟོང་འཕྲོ་བའི་རིག་གནས་ཁྲོད།  གཟུགས་མེད་ཤུལ་བཞག་རིག་གནས་རིགས་མི་འདྲ་བ་རྣམ་གྲངས་75ལ་སླེབས་ཤིང་། ཉེ་བའི་ལོ་ཤས་རིང་། དཔེ་མཚོན་གྱི་རང་བཞིན་ལྡན་པའི་ཆབ་མདོའི་སྨར་ཁམས་བོད་གཞས་དང་སྟེང་ཆེན་རས་པ།  ཁ་རུབ་ས་ཁུལ་གྱི་ཀརྨ་སྒར་བྲིས་ལུགས་དང་སྨར་ཁམས་ཀྱི་ལྷོ་ཚྭ་བཟོ་བའི་ལག་རྩལ།  འཇོ་མདའ་སྤོ་ལོའི་པར་རྐོ་ལག་རྩལ་དང་སྤར་ཁམས་ཀྱི་རྒྱུད་གསུམ་ཞབས་བྲོ། བྱམས་པ་གླིང་དགོན་པའི་མཆོད་མེ་བཟོ་བའི་ལག་རྩལ་དང་ཆབ་མདོའི་སྐོར་བྲོ་བཅས་ཁག་8རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཏུ་བདམས་པ་རེད།། 
   




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1