གསེར་རྟ་རྫོང་གིས་ལས་གནས་ཟབ་སྦྱོང་སྤེལ་ཏེ་ཡུལ་སྐོར་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཏང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།དཀར་མཛེས་གསར་འགྱུར་དྲ་བ། ཚེ་བརྟན་སྒྲོལ་མས་བསྒྱུར། སྤེལ་དུས། 08-26


       ཉེ་ཆར།  གསེར་རྟ་རྫོང་གིས2016ལོའི་ཐེངས་གཉིས་པའི་ཡུལ་སྐོར་ལས་གཉེར་མི་སྣའི་གསོ་སྐྱོང་སྦྱོང་བརྡར་བྱས། ཁྲེན་ཏུའུ་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་སི་ཁྲོན་དགེ་ཐོན་སློབ་ཆེན་གྱི་ཡུལ་སྐོར་སློབ་གླིང་། སི་ཁྲོན་གྱི་ཡུལ་སྐོར་ལས་དོན་ཁང་སོགས་ནས་འོངས་པའི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ10ཡིས་སྲིད་ཇུས་དང་འདུ་ཤེས། ལག་རྩལ། དོ་དམ། ཚོང་གཉེར་སོགས་ཕྱོགས་མང་པོའི་ཐད་ནས་རྫོང་དང་་ཡུལ་ཤོག་རིམ་པ་གཉིས་ཀྱི་ཡུལ་སྐོར་དང་འབྲེལ་བའི་ལས་ཁུངས་དང་ཁེ་ལས་སོ་སོ་དང་།  སྐྱེལ་འདྲེན་བྱེད་མཁན་ཁ་ལོ་བ། ལས་སྒུག་ན་གཞོན་སོགས་མི་སྣ400ལྷག་ལ་ཆེད་དོན་ཟབ་སྦྱོང་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1