ཝང་ཏུང་མིང་གིས་དཀར་མཛེས་ནས་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀར་བརྟག་ཞིབ་ལྟ་སྐུལ་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། ཚེ་བརྟན་སྒྲོལ་མས་བསྒྱུར། སྤེལ་དུས། 08-26


    སྤྱི་ཟླ8པའི་ཚེས23ནས25ཡི་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་ཁྲིད་ནས་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དུ་གཏན་སྡོད་བྱས་ཏེ་དབུལ་བྲལ་འགག་སྒྲོལ་ལས་ཀར་ལྟ་སྐུལ་ཁྲིད་སྟོན་གནང་། ཡུལ་དངོས་སུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀ་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་ཏེ་སྔར་ལྷག་གིས་གནད་དོན་རྩད་གཅོད་དང་སྲིད་ཇུས་འཐུས་ཚང་། བྱེད་ཐབས་ཁ་སྐོང་གནང་། 

    ཝང་ཏུང་མིང་དང་ལྷན་ཕེབས་བཅས་སྔར་རྗེས་སུ་དར་མདོ་གྲོང་ཁྱེར་སྐྱ་གད་ཤང་མི་ཉག་སྡེ་བ་དང་མཐིལ་དབུས་སྡེ་བ། འགག་པ་གྲོང་ཚོ་མགོ་བཏགས་སྨད་པ་སྡེ་བ་བཅས་སུ་ཕེབས་ནས་ཡུལ་དངོས་སུ་གནད་སྨིན་དྲུག་དང་གཅིག་ཅན་ལྔ་སོགས་བཀོད་སྒྲིག་དང་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་གནང། ཝང་ཏུང་མིང་གིས་བསྟན་དོན། བོད་ཁུལ་ལ་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པས། ཁྱད་འཕགས་དང་ཐོན་ལས་ཀྱི་རྨང་གཞི། དབུལ་ཕོངས་གནས་ཚུལ་ཡོངས་ཁྱབ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས། ཞིང་ཆེན་ནང་ཁུལ་གྱིས་རོགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འབྲས་བུ་ལེགས་པོ་འཐོབ་པར་བྱ་དགོས། ཞིང་སྡེ་བཅོས་བསྒྱུར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་རྣམ་པ་གསར་པའི་གཙོ་ཕྱོགས་ཚོང་གཉེར་གསོ་སྐྱོང་དང་ནང་འདྲེན་བྱས་ནས་ནུས་ཤུགས་ཡོད་རྒུས་གནག་ཕྱུགས་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་ལས་སྣོན་བྱས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་ཐབས་འཚོལ་ཞིབ་བྱ་དགོས།
    ཚོགས་འདུའི་ཐོག་ཝང་ཏུང་མིང་གིས་ནན་གསུང་གནང་དོན། དབུལ་སྒྲོལ་འགག་སྒྲོལ་ཐད་ལ་རྒྱལ་ཁ་ཐོབ་པར་བྱས་ཏེ2020ལོར་སླེབས་སྐབས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་དམ་བཅའ་ཡིན། དབུལ་སྐྱོལ་འགག་སྒྲོལ་བྱེད་དགོས་ན་འགངས་ཆེ་ས་ནི་གནད་དུ་འཁེལ་མིན་ལ་ཐུག་པ་དང་རྒྱལ་ཕམ་ཅི་ཡོང་གནད་དུ་འཁེལ་མིན་ལ་ཐུག་པར་བརྟེན། སྔར་ལྷག་གིས་བསམ་བློའི་འདུ་ཤེས་དང་ལས་ཀ་སྒྲུབ་སྟངས་ལེགས་སྒྱུར་བྱས་ཏེ་ཏན་ཏིག་གིས་དབུལ་སྐྱོར་བྱ་ཡུལ་གནད་དུ་འཁེལ་བ་དང་། དབུལ་སྐྱོར་ལས་གཞི་གནད་དུ་འཁེལ་བ། མ་དངུལ་བཀོལ་སྤྱོད་གནད་དུ་འཁེལ་བ། དབུལ་སྐྱོར་བྱེད་ཐབས་གནད་དུ་འཁེལ་བ། གྲོང་སྡོད་རོགས་སྐྱོར་གནད་དུ་འཁེལ་བ། དབུལ་བྲལ་གྲུབ་འབྲས་གནད་དུ་འཁེལ་བར་བྱ་དགོས། བོད་ཁུལ་དབུལ་བྲལ་འགག་སྒྲོལ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཟུང་འབྲེལ་བྱ་རྒྱུར་སྐུལ་སྤེལ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྦོལ་གྱི་འཐབ་ཇུས་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་བྲལ་འགག་སྒྲོལ་གྱི་བཀོད་སྒྲིག་རབ་དང་རིམ་པ། དེ་བཞིན་དུ་བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་དང་གྲྭ་བཙུན་ལ་ཐུགས་ཁུར་གནང་བ་སོགས་དྲིལ་བསྒྲགས་བྱས་ནས་རྒྱ་ཆེ་བའི་བོད་ཁུལ་མང་ཚོགས་ཀྱིས་དྲིན་དྲན་མདུན་སྐྱོད་དང་རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ། ལས་སྒྲུབ་ལས་བརྩོན་བྱས་ནས་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པར་སྣེ་ཁྲིད་བྱ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1