ལིས་ཁི་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཅིག་པའི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། སྤེལ་དུས། 08-28


        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཅིག་པའི་ཀྲུའུ་ཞི་ཐང་མུའུ་སིན་ལ་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་བསྟན་དོན། མིག་སྔར་འཛམ་གླིང་དཔལ་འབྱོར་སླར་གསོ་བྱེད་པའི་ནུས་ཤུགས་ཞན་པ་དང་འཇིགས་སྐུལ་རིང་ལུགས་དང་ཡུལ་གྱར་བའི་གནད་དོན། ས་གནས་ཆབ་སྲིད་ཀྱི་ཉེན་ཁ་མཐོར་འདེགས་སུ་སོང་ནས་འཛམ་གླིང་རང་བཞིན་གྱི་འཕེལ་རིམ་དང་ཡིད་ཆེས་ལ་ཚད་བཀག་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་མཉམ་འབྲེལ་རྒྱལ་ཚོགས་ནི་ཆེས་སྤྱིར་བཏང་རང་བཞིན་དང་འཐུས་ཚབ་རང་བཞིན། དབང་ཤེད་རང་བཞིན་བཅས་ལྡན་པའི་སྲིད་གཞུང་བར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཞིག་ཡིན་པར་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་རང་བཞིན་གྱི་འཇིགས་སྣང་དང་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཐད་ནས་ནུས་པ་ཆེན་པོ་འདོན་བཞིན་ཡོད་ཟེར།

        ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གོ་གནས་སླར་གསོ་བྱས་ནས་ལོ་ངོ་ཞེ་ལྔའི་རིང་ལ། ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་དཀྱིལ་སྙིང་ཡིན་པའི་རྒྱལ་སྤྱིའི་རྩ་འཛུགས་ལ་ནུས་ཤུགས་གང་ཡོད་ཀྱིས་སྲུང་སྐྱོབ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་སྤྱིའི་རྩ་དོན་ལ་འགན་སྲུང་གང་ལེགས་བྱས། ང་ཚོས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་སོ་སོ་དང་མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་ཏེ། འཛམ་གླིང་ལེགས་བཅོས་འཐུས་ཚང་དུ་གཏོང་བ་དང་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་དངོས་འབེབ་བྱེད་པར་སྐུལ་འདེད་བཏང་ནས། སྔར་ལས་བཟང་བའི་སྒོ་ནས་འཛམ་གླིང་ཡོངས་མཉམ་རྒྱལ་མཉམ་གནས་བྱེད་པ་མངོན་འགྱུར་བྱེད་འདོད་ཡོད།
        ཐང་མུའུ་སིན་གྱིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་སྟེང་དུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཞིག་ཡིན་ལ། རྒྱལ་སྤྱིའི་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། ཀྲུང་གོའི་བར་གྱི་འབྲེལ་བ་དང་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་མཐོར་འདེགས་སུ་འགྲོ་བར་རེ་བ་བྱེད་བཞིན་ཡོད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1