དཀར་མཛེས་ཁུལ་དུ་སྨན་བཅོས་རོགས་སྐྱོབ་ལས་ཀ་སྤེལ།

རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-29


       ཉེ་ཆར། དཀར་མཛེས་ཁུལ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་དང་། དཀར་མཛེས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། ཁུལ་ནོར་སྲིད་ཅུས། ཁུལ་དམངས་སྲིད་ཅུས། ཁུལ་དབུལ་སྐྱོར་གནས་སྤོས་ཡུལ་མི་ཅུས་སོགས་ཀྱིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི《དཀར་མཛེས་ཁུལ་ཡི་དབུལ་བྲལ་འགག་སྒྲོལ་སྨན་བཅོས་རོགས་སྐྱོབ་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི།》(གཤམ་དུ《ཇུས་གཞི།》ཞེས་བསྡུས། )ལག་བསྟར་བྱེད་འགོ་ཚུགས། 

      《ཇུས་གཞི།》དེས་སྨན་བཅོས་རོགས་སྐྱོབ་བྱ་སྤྱོད་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་རྫོང་ཁོངས་སུ་དམིགས་བཙུགས་སྨན་བཅོས་སྒྲིག་གཞིར་ཞག་སྡོད་སྨན་བཅོས་བྱས་པའི་མི་སྒེར་གྱི་སྨན་རིན་ཉུང་དུ་ཏན་ཏིག་གཏོང་བ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ནད་བཅོས་དཔལ་འབྱོར་ཁུར་པོ་ཡང་དུ་བཏང་སྟེ་2020ལོར་སླེབས་སྐབས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་མི་སྒེར་གྱིས་སྤྲོད་དགོས་པའི་སྲོལ་མཐུན་ཞག་སྡོད་སྨན་བཅོས་འགྲོ་སོང་གི་བསྡུར་གྲངས་10%ལས་མི་བརྒལ་བའི་འགན་ལེན་བྱ་རྒྱུ།《ཇུས་གཞིའི》ནང་སྨན་བཅོས་འགན་བཅོལ་རོགས་སྐྱོབ་དང་། རྩ་ཆག་བརྒྱད་དང་ཁ་གསབ་བཞི་དམངས་སྲིད་སྨན་བཅོས་རོགས་སྐྱོབ། སྨན་བཅོས་དང་སྨན་རྫས་གཅེས་སེམས་རོགས་སྐྱོར་ཐེབས་རྩ། རྒྱ་གྲམ་དམར་པོ་ཚོགས་པའི་གཅེས་སེམས་དགེ་སྒྲུབ་ཐེབས་རྩའི་རོགས་སྐྱོབ། ནོར་སྲིད་མཐའ་སྐྱོང་། རོགས་སྐྱོབ་ཀྱི་རོགས་སྐྱོབ་ཆེན་པོ་ལྔ་བཅས་ལག་བསྟར་བྱས་ཏེ་མང་ཚོགས་དབུལ་པོར་ནད་གཞི་ཕོག་ནས་ཁྱིམ་ཚང་དཔལ་འབྱོར་གྱིས་ཐེག་མི་ཐུབ་པའི་འགྲོ་སོང་གཏོང་དགོས་བྱུང་བ་ལས་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་བ་དང་ནད་ཀྱིས་རྐྱེན་པས་དབུལ་པོར་བསྐྱར་ལོག་ཐེབས་པ་གཏན་འགོག་བྱ་རྒྱུ་རེད།

       སྨན་བཅོས་དང་སྨན་རྫས་ཀྱི་གཅེས་སེམས་དབུལ་སྐྱོར་ཐེབས་རྩ་དང་རྒྱ་གྲམ་དམར་པོ་ཚོགས་པའི་གཅེས་སེམས་དགེ་སྒྲུབ་ཐེབས་རྩའི་རོགས་སྐྱོབ་ལག་བསྟར་བྱེད་པའི་ཐད་དཀར་མཛེས་ཁུལ་ཡིས་སྨན་བཅོས་དང་སྨན་རྫས་ཀྱི་གཅེས་སེམས་དབུལ་སྐྱོར་ཐེབས་རྩ་དང་རྒྱ་གྲམ་དམར་པོ་ཚོགས་པའི་གཅེས་སེམས་དགེ་སྒྲུབ་ཐེབས་རྩ་བསྡུ་སྒྲིལ་བྱས་ཏེ་ཐེབས་རྩ་དེ་གཉིས་ལས་ལོ་ལྟར་2བསྡུར་1གི་བསྡུར་གྲངས་ཐོག་ནས་མ་དངུལ་གྲབས་གསོག་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ནད་གཞི་ལྕི་པོ་དང་ཆེན་པོ་སྨན་བཅོས་རོགས་སྐྱོབ་ཐད་མཉམ་དུ་སྤྱོད་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1