ཚིག་གྲུབ་སྒྱུར་ཐུབ་པའི་བོད་རྒྱ་ཁ་པར་ཚིག་མཛོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 08-30


     མི་རིགས་ཡིག་སྒྱུར་ཁང་གིས་གསར་དུ་བཏོད་པའི་བོད་རྒྱ་རིག་འཕྲུལ་ཚིག་མཛོད་འདི་ད་ཆ་ཀུ་ཤུའི་ཁ་པར་སོགས་སུ་ཕབ་ལེན་ཐུབ་ཅིང་། ཚིག་མཛོད་འདིའི་ཁྱད་ཆོས་གཙོ་བོ་ནི་མིང་བརྡ་ཕུད། ཡི་གེའི་ཚོགས་སམ་ཚིག་གྲུབ་རྣམས་བོད་རྒྱ་ཕན་ཚུན་བསྒྱུར་ནུས་པ་དེ་དང་། གཞན་རྒྱ་བོད་ཡིག་སྒྱུར་སྐབས་རྒྱ་ཡིག་གི་བསྒྱུར་བྱའི་དོན་རྣམས་སྐད་སྒྲའི་ལམ་ནས་ནང་འཇུག་བྱེད་ཆོག་པ་དེ་ཡིན།

     འདིར་གསལ་འདེབས་ཞུ་དགོས་པ་ལ། ཡིག་ཚོགས་སམ་ཚིག་གྲུབ་སྒྱུར་སྐབས་བརྡ་སྤྲོད་ཇི་མ་ཇི་བཞིན་སྒྱུར་མི་ཐུབ་པས་ངེས་པར་དག་བཅོས་གནང་དགོས་ལ། དེ་མིན་ཚིག་མཛོད་འདིའི་བོད་སྐད་ཀྱི་སྐད་སྒྲ་ད་དུང་འདོན་མི་ཐུབ་ཅིང་རྗེས་ཕྱོགས་འཐུས་ཚང་དུ་གཏོང་འཆར་འདུག
     ཚིག་མཛོད་འདི་ཕབ་ལེན་བྱེད་དགོས་ན་ཀུ་ཤུ་ཁ་པར་གྱི་མཉེན་ཆས་ཚོང་ཁང་APP Storeཞེས་པ་རུ་藏汉智能翻译ཞེས་པའི་རྒྱ་ཡིག་བྲིས་ནས་མཉེན་ཆས་གཞན་རྣམས་ཕབ་ལེན་བྱེད་སྟངས་ལྟར་ཕབ་ལེན་བྱེད་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1