རྒྱལ་ཁབ་ཉི་ཤུའི་མཐོ་རིམ་གྲོས་ཚོགས་ནས་ཉོ་ཚོང་དང་དངུལ་གཏོང་གི་སྲུང་སྐྱོབ་རིང་ལུགས་ལ་དམིགས་ཏེ་སྲིད་ཇུས་གཏན་འབེབས་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-30


     རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་དེ་མི་འགྱངས་པར་བསྡུ་རྒྱུ་ཡིན་པ་དང་། འཕེལ་རྒྱས་གནད་དོན་ལས་གཞན། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཁ་དར་བའི་གནས་ཚུལ་འོག ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱིས་ཉོ་ཚོང་གྲོས་གཞིའི་ཐད་ནས་གྲུབ་འབྲས་ལོན་པར་ཀུན་གྱིས་རེ་བ་བཅངས་ཡོད། དོན་དེའི་ཐད་ནས་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས་ཉེར་བདུན་ཉིན་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ནས་ནམ་རྒྱུན་ཉོ་ཚོང་དང་དངུལ་གཏོང་གི་སྲུང་སྐྱོབ་རིང་ལུགས་ལ་དམིགས་ཏེ་བྱེ་བྲག་གི་སྲིད་ཇུས་འདོན་བཞིན་ཡོད་ལ། ཐེངས་འདིའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱང་དེ་ལས་མ་འདས། ཀྲུང་གོས་ད་རུང་ཧང་ཀྲིག་གི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱེད་པར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།
     འཛམ་གླིང་ཉོ་ཚང་རྩ་འཛུགས་སོགས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་ལོར་ལས་ཁུངས་ཀྱི་འབྲེལ་ཡོད་སྙན་ཞུ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་བ་ནས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་ལྔ་བའི་བར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཉོ་ཚོང་ཚད་བཀག་བྱེད་ཐབས་སྣ་བརྒྱ་དང་ཞེ་ལྔ་བཏོན་ཡོད་པ་དང་། ཆ་སྙོམས་ཟླ་རེའི་ནང་བྱེད་ཐབས་སྣ་ཉི་ཤུ་ཙམ་འདོན་བཞིན་ཡོད། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་དོན་དེའི་ཐད་ནས་བསྟན་དོན། ཀྲུང་གོས་བལྟས་ན། དཀའ་ཁག་ཧ་ཅང་ཆེ་བའི་སྐབས་སུ་རྒྱལ་ཁབ་སོ་སོས་དཀའ་སྡུག་མཉམ་མྱོང་བྱས་ཏེ་མཉམ་དུ་ཁྱད་བསལ་བྱེད་དགོས་པར་འདོད། དེ་ནི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཉམས་ཉེན་ཁྲོད་ལག་ལེན་བྱས་པ་ལས་བྱུང་བའི་ཐོག་མའི་སེམས་འདུན་ཡིན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ནས་མུ་མཐུད་དུ་སྟོབས་དང་ལྡན་པའི་རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་གཏོང་གི་གྲོས་གཞིར་དམིགས་ཤིང་། ཉོ་ཚོང་དང་དངུལ་གཏོང་གི་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དེ་རྒྱུན་འཁྱོངས་བྱེད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཕྱོགས་མང་རྐྱེན་སྲོལ་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་འབྲེལ་འདྲིས་རྐྱེན་སྲོལ་ལ་བརྟེན་ནས། རྒྱུས་ལོན་ཇེ་ཟབ་ཏུ་བཏང་སྟེ་ཐུན་མོང་ལྟ་ཚུལ་རྒྱ་བསྐྱེད་དགོས་ཟེར། སྐབས་འདིའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཉོ་ཚོང་པུའུ་ཀྲང་གི་གྲོས་ཚོགས་ཀྱིས་ཐུན་མོང་གསལ་སྒྲོག་ཐོག་མ་སྤེལ་ཏེ། འཛམ་གླིང་སྟེང་ཆེས་གལ་ཆེ་བའི་དཔལ་འབྱོར་ཚོགས་ཁག་ཉི་ཤུ་ཡིས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ལངས་ཕྱོགས་བརྟན་པོ་བཟུང་ཡོད་པའི་ཚུལ་སྟོན་རྒྱུ་རེད་ཟེར།
   ལུའུ་ཁང་གིས་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་བསྟུད་མར་ལོ་ལྔའི་ནང་ཉམས་དམས་སུ་སོང་བའི་གནས་ཚུལ་འོག ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། བདེ་འཇགས་ཀྱི་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་མ་ལག་སྒོ་འབྱེད་དང་སྲུང་སྐྱོབ་བྱས་ཏེ། བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་མངོན་འགྱུར་འབྱུང་བར་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1