སྡེ་རོང་རྫོང་གིས་དབུལ་གྲོལ་འགག་སྒྲོལ་ཀྱི་ལས་ཀར་ཤུགས་བསྣན་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-31


༣.png 

 ཉེ་ཆར། ཞིང་ཆེན་སྲིད་གཞུང་གི་བརྟག་ཞིབ་ལྟ་སྐུལ་ཚན་ཆུང་སྡེ་རོང་རྫོང་དུ་སོང་ནས་གནད་སྨིན་དབུལ་གྲོལ་གྱི་ལས་ཀར་བརྟག་ཞིབ་དང་ལྟ་སྐུལ་གནང་། ཞིང་དཔོན་གཞོན་པ་ཡེ་ཀྲང་གི་བསྟན་དོན། ད་ལོ་སྡེ་རོང་རྫོང་གི་དབུལ་ཕོངས་གྲོང་སྡེ་12དང་དུད་ཚང་154། མི་འབོར་916ལ་རོགས་སྐྱོར་བྱས་ནས་དབུལ་གྲོལ་བྱུང་དུ་འཇུག་རྒྱུ་ཡིན་པས། ལས་འགན་ལྗིད་ལ་དུས་ཚོད་ཐུང་བས། དམིགས་འབེན་ཆེན་པོ་བཞི་དམ་པོར་འཛིན་པ་དང་། ལོ་གཅིག་རིང་གི་དམིགས་འབེན་ལས་འགན་གྲོང་རྡལ་དང་གྲོང་སྡེའི་ཚན་ཆུང་ལ་བགོས་ཏེ། རང་རང་གི་ལས་འགན་དང་དུས་ཚོད་གསལ་བོར་བྱེད་པ་དང་། བྱེད་ཐབས་དང་ཐབས་བཀོད་སྣ་ཚོགས་ཞིབ་ཚགས་སུ་གཏོང་དགོས། ་རྫོང་རིམ་པའི་ཡུལ་དངོས་ཞིབ་འཇུག་ལ་བརྟག་དཔྱད་དང་ལྟ་སྐུལ་བྱས་ནས་དབུལ་ཕོངས་ཁྱིམ་ཚང་ཡོངས་ལ་རོགས་སྐྱོར་བྱེད་པ་དང་ལས་ཀའི་གཙོ་གནད་དང་ཤུགས་འདོན་སར་བཙལ་ནས་གནད་སྨིན་དབུལ་སྐྱོར་ཀྱི་ལས་འགན་ལེགས་འགྲུབ་ཡོང་རྒྱུར་ཁག་ཐེག་བྱེད་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1