རང་རེའི་ཞིང་ཆེན་གྱིས་གྲོང་ཁྱེར་དང་ཁུལ་21ལ་ཐིག་ལེན་རིས་བྲིས་ཀྱི་སྲིད་འཛིན་དོ་དམ་སྡེ་ཁག་ཡོངས་སུ་འཛུགས་ཐུབ་ཡོད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-31


     སྤྱི་ཟླ་8པའི་ཚེས་30ཉིན། གསར་འགོད་པའི་ཞིང་ཆེན་ཐིག་ལེན་རིས་བྲིས་ཀྱི་ས་ཁམས་ཆ་འཕྲིན་ཅུའུ་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཁྲིན་ཏུའུ་གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གིས་མཆོག་མཆན་བཀོད་པ་བརྒྱུད། ཁྲིན་ཏུའུ་གྲོང་ཁྱེར་གྱི་ཐིག་ལེན་རིས་བྲིས་ས་ཁམས་ཆ་འཕྲིན་ཅུའུ་ཉེ་ཆར་དངོས་སུ་སྒོ་བྱང་བཀལ་ནས་ཚུགས་པ་དང་བསྟུན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པ་22གི་ཐིག་ལེན་རིས་བྲིས་ཀྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྒོ་བྱང་འགེལ་བའི་ལས་ཀ་ཡོངས་ལེགས་འགྲུབ་བྱུང་བ་དང་།འདིས་རང་རེའི་ཞིང་ཆེན་གྱིས་ཐིག་ལེན་རིས་བྲིས་ཀྱི་སྲིད་འཛིན་སྒྲིག་སྲོལ་གྱི་བཅོས་བསྒྱུར་ཐད་གྲུབ་འབྲས་མངོན་གསལ་ཤིག་ལོན་པ་དེ་མཚོན། དེ་མིན་གྲོང་ཁྱེར་དང་ཁུལ་སོ་སོ་ཡི་ཐིག་ལེན་རིས་བྲིས་ཀྱི་ས་ཁམས་ཆ་འཕྲིན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཐིག་ལེན་རིས་བྲིས་ཀྱི་དོ་དམ་སྒྲིག་གཞི་འཛུགས་སྐྲུན་བྱེད་ཤུགས་མཐོ་རུ་གཏོང་ཆེད། ཐིག་ལེན་རིས་བྲིས་ཀྱི་དོ་དམ་གྱི་འགན་ནུས་ཐད་དུ་རྩ་འཛུགས་གིས་འགན་ལེན་བརྟན་པོའི་རྨང་བཏིང་ཡོད་པ་རེད།
     ཞིང་ཆེན་ཐིག་ལེན་རིས་བྲིས་ཀྱི་འགན་ཁུར་མི་སྣ་ཡིས། ས་ཁམས་ཆ་འཕྲིན་ཐོན་ལས་དེ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤིག་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་ཕྱོགས་སུ་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ལ། ཐིག་ལེན་རིས་བྲིས་ཀྱི་ས་ཁམས་ཆ་འཕྲིན་སྲིད་འཛིན་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་ཡིན་ན།ཐིག་ལེན་རིས་བྲིས་ཀྱི་ས་ཁམས་ཆ་འཕྲིན་ཐོན་ཁུངས་གིས་སྤྱི་ཚོགས་ཀྱི་སྤྱི་བའི་ལས་དོན་དོ་དམ་དང་།སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ཁག་ཐག་གཅོད་བྱེད་པ་སོགས་ཕྱོགས་སུ་ནུས་པ་འདོན་པར་ཕན་པ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་དུ་ཡིད་རྟོན་རུང་བ་དང་།སྤྱོད་གོ་ཆོད་པ།དུས་ཐོག་དུ་ཐིག་ལེན་རིས་བྲིས་ཀྱིས་ས་ཁམས་ཆ་འཕྲིན་གྱི་ཞབས་ཞུར་འགན་ལེན་སོགས་བྱེད་ཐུབ་ཅེས་གསུངས་བ་རེད།
     མིག་སྔར། རང་རེའི་ཞིང་ཆེན་གྱི་རྫོང་རིམ་པའི་ཐིག་ལེན་རིས་བྲིས་ཀྱི་ས་ཁམས་ཅུའུ་གྱིས་སྒོ་བྱང་འགེལ་བའི་བྱ་བར་དུས་ལྟར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། དེའི་ཁྲོད་བཀང་ཡོན་དང་མེས་ཧྲན་སོགས་གྲོང་ཁྱེར་དུ་གྲོང་ཁྱེར་དང་རྫོང་གཉིས་སུ་སྒོ་བྱང་འགེལ་བ་མངོན་འགྱུར་བྱུང་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1