2016ལོར་རི་སྐྱེས་སྲོག་ཆགས་བརྙན་ལེན་འགྲན་བསྡུར་གྱི་བརྩམས་ཆོས་སྒོར་བུད་པ།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 09-01


         སྤྱི་ཟླ་8པའི་ཚེས་31ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ལས་བསྒྲགས་པའི་གནས་ཚུལ་སྤེལ་བ་ལྟར་ན། 2016ལོར། རི་སྐྱེས་སྲོག་ཆགས་བརྙན་ལེན་འགྲན་བསྡུར་ཆེན་པོའི་མཇུག་འགྲན་དུས་རིམ་གྱི་ཡོལ་རས་དངོས་སུ་ཕྱེ། 

        ད་ལོའི་འགྲན་བསྡུར་ནི་འགྲན་རྩོད་ཆེས་དྲག་པའི་དུས་ཤིག་ཡིན་ཏེ། ཁྱོན་རྒྱལ་ཁབ་95ནས་ཡོང་བའི་ཆེད་ལས་པ་དང་ལས་ཞོར་བརྙན་ལེན་པ་འགྲན་བསྡུར་དུ་ཞུགས་ཡོད་ལ་འདྲ་པར་ཁྲི་5ལྷག་འདུས་ཡོད། འདྲ་པར་འདི་དག་ནི་རྒྱལ་སྤྱིའི་ཆེད་མཁས་པ་ཚོ་ཆུང་གིས་ཞིབ་དཔྱད་བྱས་ནས་མཐའ་མཇུག་གི་ཨང་རིམ་ཐག་གཅོད་བྱས། འདྲ་པར་གདམ་གསེས་ཀྱི་ཚད་གཞི་ལ་གསར་འཆར་དང་། ལག་རྩལ། མ་རྩོམ་རང་བཞིན་སོགས་འདུས་ཡོད་པ་དང་འདྲ་པར་འདི་ནི་ནོར་ཝེ་ཡི་བརྙན་ལེན་མཁན་Audun Rikardsenགྱིས་བླངས་པ་རེད། ། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1