ལྷ་སའི་ཞོ་སྟོན་དུས་ཆེན་གྱི་འགོ་ཚུགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 09-02


    སྤྱི་ཟླ8ཚེས30ཉིན། 2016ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་བོད་ལྗོངས་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཐང་ཆེན་དུ་སྤེལ་འགོ་ཚུགས། གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཞོ་སྟོན་དུས་ཆེན་སྤེལ་ཡུན་ཉིན་9ཡོད་ལ། བྱེད་སྒོ་སྤེལ་ཡུན་ཁྲོད་ལྟ་མོ་བ་རྣམས་ཀྱིས་གྱོན་གོས་འཁྲབ་སྟོན་དང་སྙན་འཇེབས་ལྡན་པའི་རླངས་འཁོར་རོལ་དབྱངས་མྱོང་རོལ་ཐུབ་པར་མ་ཟད། ཐའེ་ཝན་གྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་ཀྱི་བྲོ་བ་མྱོང་བ་དང་བློ་ཡིད་ཚིམ་པའི་ས་གཙང་བདེ་ཐང་ཐོན་རྫས་ཉོ་སྒྲུབ་བྱེད་ཐུབ། ལྷ་སའི་ས་གཙང་བདེ་ཐང་ཐོན་རྫས་ནང་ཟས་རིགས་དང་། འཐུང་ཆུའི་རིགས། སྨན་རྒྱུ། རྒྱན་ཆ་སོགས་ཐོན་རྫས་100ལྷག་ཙམ་འགྲེམས་སྟོན་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1