དག་གཙང་གི་དཀར་མཛེས་ཞེས་པའི་ཐོན་རྫས་ཆིང་ཏའོ་རུ་སླེབས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 09-02


      

             སྤྱི་ཟླ་8་པའི་ཚེས་24ནས་28ཉིན་བར།   སི་ཁྲོན་གྱི་ཚོང་ཟོག་རྒྱལ་ཡོངས་སུ་འགྲེམ་པ་ཞེས་པའི་བྱེད་སྒོ་ཆིང་ཏའོ་རུ་སྤེལ་ཏེ།  དག་གཙང་གི་དཀར་མཛེས་ཞེས་པའི་མཐོ་སྒང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐེངས་དང་པོར་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་སླེབས།  

            ཤེས་རྟོགས་བྱུང་པ་ལྟར་ན།   ཐེངས་འདིའི་བྱེད་སྒོའི་ཁྲོད་དཀར་མཛེས་ཁུལ་གྱིས་ཁེ་ལས་5དང་འགྲེམ་ཞུགས་ཐོན་རྫས་10ལྷག་རྩ་འཛུགས་བྱས་ཡོད།  འགྲེམ་སྟོན་གྱི་རིང་ལ།  འགྲེམ་ཞུགས་ཁེ་ལས་རྣམས་ཀྱིས་ཚོང་མགྲོན་མང་པོར་འབྲེལ་བ་བཙུགས་ཤིང་། མཐོང་རྒྱ་བསྐྱེད་ལ་ཁྲོམས་ར་རྒྱ་ཆེར་བཏང་།     དཀར་མཛེས་ཁུལ་གྱི་འགྲེམ་ཞུགས་ཁེ་ལས་ཐམས་ཅད་དབུལ་ཕོངས་རྫོང་ནས་ཡོང་ཞིང་། ཁྲོམས་ར་ཡིས་ཐོན་སྐྱེད་ལ་སྐུལ་ཁྲིད་བྱས་པས་ས་གནས་དེ་གའི་ཞིང་པའི་ཡོང་འབབ་འཕར་ཏེ་དབུལ་བྲལ་ཐུབ་པར་ཕན་པ་བྱུང་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1