ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཇལ་འཕྲད་གནང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཤིན་ཧྭ་དྲ་བ། སྤེལ་དུས། 09-05


        

        ཞི་ཅིན་ཕིང་གིས་ཕུའུ་ཅིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲུའོ་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་ཞུས།  ཞི་ཅིན་ཕིང་གིས་ད་ལོའི་ཟླ་དྲུག་པའི་ནང་སྲིད་འཛིན་ཕུ་ཅིང་ཀྲུང་གོར་འཚམས་འདྲི་ཕེབས་སྐབས《ཀྲུང་གོ་དང་ཨུ་རུ་སུ་གཉིས་མཛའ་མཐུན་མཉམ་ལས་ཀྱི་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་15འཁོར་པར་རྟེན་འབྲེལ་ཞུས།  དེ་ལས་རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་འབྲེལ་བ་ཇེ་ཟབ་བཏང་བ་མཚོན་ཞིང་། ཁྱོན་ཡོངས་ནས་ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་ཐུན་མོང་ཀྱི་ལངས་ཕྱོགས་ཆགས་པ་བསྟན།  ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱིས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་།     འཛམ་གླིང་གི་ཞི་བདེ་དང་བརྟན་རླིང་སྲུང་སྐྱོང་བྱས་པའི་རེ་བ་བཏོན་ཡོད་ཅེས་བསྟན། 

         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཇེ་ཟབ་གཏང་དགོས་ལ།  བློ་ཐག་རྦད་ཆོད་ཀྱིས་ཕ་རོལ་པོས་རང་ཉིད་རྒྱལ་ཁབ་ཀྱི་བདག་དབང་།  བདེ་འཇགས།  འཕེལ་རྒྱས་ཁེ་ཕན་ཐད་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་དགོས།  རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་།   རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དང་། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མཉམ་འབྲེལ་འཛུགས་སྐྲུན་གཉིས་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པ་བཅས་ལ་སྐུལ་འདེད་གཏང་དགོས། རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་དང་ནུས་ཁོངས།  མཁའ་འགྲུལ།  ལག་རྩལ་གསར་པ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་དམག་དོན་བརྗེ་རེས་དང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱ་དགོས་ཞེས་བསྟན། 
        ཕུའུ་ཅིན་གྱིས《ཀྲུང་གོ་དང་ཨུ་རུ་སུ་གཉིས་མཛའ་མཐུན་མཉམ་ལས་ཀྱི་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་འཁོར་15འགོར་བའི་སྐབས་འདིར། ཨུ་རུ་སུའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཚད་མཐོན་པའི་སྒོ་ནས་འཕེལ་རྒྱས་སུ་ཕྱིན་པར་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད་ལ།    ཕྱོགས་གཉིས་ཀྱི་འབད་བརྩོན་འོག  ཨུ་རུ་སུ་དང་ཀྲུང་གོ་གཉིས་ཀྱིས་དཔལ་འབྱོར་བརྗེ་རེས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་བཏང་སྟེ་མི་ཆོས་བརྗེ་རེས་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན།  ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོ་ཡིས་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲུའོ་མཐོ་རིམ་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་བརྗོད་བྱ་གཙོ་བོ་དང་གྲོས་གཞིར་རྒྱབ་སྐྱོར་བྱེད་པ་དང་ཧང་ཀྲུའོ་མཐོ་རིམ་གྲོས་ཚོགས་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་ཡིན་ཞེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1