༄༅།། གཟའ་མིག་དམར་གྱི་ཕྱི་ངོས་ནས་དོགས་གཞི་ཅན་གྱི་ཕྱི་སྐར་པའི་དུར་ས་འཆར་ལ་ཨེ་ཅིབ་གྱི་མུའུ་ནའེ་ཡིང་གི་རྡོའི་དུར་སྒམ་དང་ཆ་འདྲ་བོ་འདུག

སྒྲོལ་མ་ཚེ་བརྟན་གྱིས་སྒྱུར་བསྒྲིགས་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 09-05


        གཟའ་མིག་དམར་གྱི་ཕྱི་ངོས་ནས་གློ་བུར་ཏུ་ཁྱད་མཚར་པའི་རྡོའི་པུར་སྒམ་རྙེད་ལ་དེ་ནི་ཕྱི་སྐར་པའི་དུར་ས་རུ་ཐེ་ཚོམ་སྐྱེས། ཉེ་ལམ། གནམ་དཔྱད་རིག་པས་གཟའ་མིག་དམར་ལ་འཚོལ་ཞིབ་བྱེད་སྐབས་སུ། གཟའ་མིག་དམར་གྱི་ཕྱི་ངོས་ནས་ཁྱད་མཚར་བའི་རྡོའི་པུར་སྒམ་མང་པོ་རྙེད། རྡོའི་པུར་སྒམ་དེ་དག་གི་གོ་གནས་ཚང་མ་བློ་ཡུལ་ལས་འདས་པའི་དྲང་ཐིག་གཅིག་གི་སྟེང་དུ་ཡོད་ལ།  གཟའ་མིག་དམར་གྱི་སྟེང་གི་རྡོའི་པུར་སྒམ་དེ་དག་ནི་ཨེ་ཅིབ་གྱི་མུའུ་ནའེ་ཡིང་གི་རྡོའི་པུར་སྒམ་དང་ཧ་ཅང་ཆ་འདྲ་བོ་འདུག གནམ་དཔྱད་རིག་པ་བ་ཚོས་གཟའ་མིག་དམར་གྱི་སྟེང་གི་ཡ་མཚར་བའི་རྡོའི་པུར་སྒམ་དེ་དག་ནི་ཧ་ལམ་ཕྱི་སྐར་པས་མིའི་རིགས་ལ་ལད་ཟློས་བྱས་ནས་བཟོ་བསྐྲུན་བྱས་པའི་དུར་ས་ཡིན་པའི་རིག་འདེད་བྱས།
        ཚན་རིག་པས་གཟའ་མིག་དམར་ལ་འཚོལ་ཞིབ་བྱེད་པའི་སྐབས་སུ་ནམ་ཡིན་རུང་ཁྱད་མཚར་པའི་དངོས་རྫས་ཕྲ་ཆུང་འགའ་རྙེད་ཐུབ་ལ་དེ་དག་ནི་ཕྱི་སྐར་པའི་དངོས་རྫས་དང་ཕྱི་སྐར་པའི་དངོས་རྫས་གསོག་འཇོག་བྱས་པའི་རྗེས་ཤུལ་སོགས་དང་ཆ་འདྲ་བོ་འདུག  ཉེ་ལམ་ཚན་རིག་པས་སླར་ཡང་ཕྱི་སྐར་པ་གཟའ་མིག་དམར་གྱི་སྟེང་དུ་སྦས་སྐུང་བྱས་པའི་ཧ་ལས་པའི་གསང་པ་རྟོགས་པ་དང་ཁྱད་མཚར་པའི་དུར་ས་རྙེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1