ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁིར་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 09-06


        སྤྱི་ཟླ་9པའི་ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲུའུ་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་འཇར་མན་གྱི་ཙུང་ལི་མའོ་ཁིར་ལ་མཇལ་འཕྲད་གནང་། 
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་གཉིས་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན། མིག་སྔར། འཛམ་གླིང་གི་གནས་བབ་གཏིང་ཟབ་པའི་རྙོག་འཛིང་འགྱུར་ལྡོག་ཁྲོད་གནས་ཤིང་། ཕྱོགས་སོ་སོས་མཉམ་དུ་གནས་བབ་ལ་ཁ་གཏད་དེ་མཉམ་ལས་གཉིས་ཕན་གྱི་ལམ་དུ་བསྐྱོད་དགོས། ཀྲུང་གོ་དང་འཇར་མན་གཉིས་ཀྱིས་ཕན་ཚུན་གྱི་ཡིད་ཆེས་རྨང་གཞི་སྲ་བརྟན་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་དུས་ལྟར་ཕྱོགས་གཉིས་ཀྱི་དོ་སྣང་བྱེད་བཞིན་པའི་གནད་དོན་གལ་ཆེན་ཐད་ལ་བརྗེ་རེས་བྱ་དགོས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ནང་དོན་ཕུན་སུམ་ཇེ་ཚོགསས་སུ་གཏོང་བ་དང་གྲུབ་ཟིན་པའི་ཐུན་མོང་གི་ངོས་འཛིན་ནན་ཏན་གྱིས་ལག་བསྟར་བྱས་ཏེ། གསར་གཏོད་མཉམ་ལས་སྤེལ་བ་དང་། མི་ཆོས་བརྗེ་རེས་རྒྱ་སྐྱེད་དེ་ན་གཞོན་ལོ་ཆུང་གི་བརྗེ་རེས་གོ་སྐབས་དམ་འཛིན་བྱས་ཏེ་སློབ་གསོ་དང་ཚན་རྩལ། རིག་གནས། འཕྲོད་བསྟེན། ཡུལ་སྐོར། ན་གཞོན་གྱི་གསར་གཏོད་ལས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས་པ་དང་། ཕྱོགས་ངོས་མང་པོའི་བརྗེ་རེས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་ཐད་ལ་འབད་པ་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་འགྱུར་མི་སྲིད་པ་དང་། ཡོ་རོབ་གླིང་ལ་འགྲན་རྩོད་ལ་གདོང་གཏོད་པའི་ནུས་པ་དང་བློ་གྲོས་ལྡན་པར་ཆེས་ཡོད་ཅེས་བསྟན། 
        མའོ་ཁིར་གྱིས་ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཧང་ཀྲུའུ་མཐོ་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་དོན་དང་གྲུབ་འབྲས་དེ་འཇར་མན་གྱིས་སང་ལོར་གཙོ་སྒྲུབ་བྱེད་པའི་ཧན་པའོ་མཐོ་རིམ་གྲོས་ཚོགས་ཀྱི་བསམ་ཚོད་དང་མཐུན་ལ། ཧན་པའོ་མཐོ་རིམ་གྲོས་ཚོགས་འཚོགས་པར་སྟ་གོན་བྱེད་པའི་གོ་རིམ་ཁྲོད་ཀྲུང་གོའི་ཕྱོགས་ཀྱི་རྒྱབ་སྐྱོར་ཐོབ་པར་རེ་སྒུག་བྱེད་བཞིན་ཡོད། འཇར་མན་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་མཐོ་རིམ་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་བཟོ་ཚོང་དང་དངུལ་འཇོག འཕེལ་རྒྱས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མི་ཆོས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་འདོད་པར་མ་ཟད། འཇར་མན་ཕྱོགས་ནས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་པར་འབད་པ་བྱེད་བཞིན་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1