ལིའུ་ཁྲེང་མིང་གིས་དཀར་མཛེས་དང་དཔལ་ཡུལ། སྡེ་དགེ་དང་གསེར་ཤུལ་བཅས་ལ་རྟོག་ཞིབ་གནང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། ཁམས་པའི་གསར་འགྱུར་དྲབ། སྤེལ་དུས། 09-08



         སྤྱི་ཟླ་9པའི་ཚེས་5ནས་7བར།  དཀར་མཛེས་ཁུལ་ཏང་ཨུ་ཧྲུའུ་ཅིང་ལིའུ་ཁྲེང་མིང་གིས་དཀར་མཛེས་རྫོང་དང་དཔལ་ཡུལ་རྫོང་།  སྡེ་དགེ་རྫོང་དང་གསེར་ཤུལ་རྫོང་བཅས་རྫོང་བཞི་ལ་ཕེབས་ཏེ་དཀར་མཛེས་ཁུལ་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལག་བསྟར་གནས་ཚུལ་ལ་ལྟ་ཞིབ་གནང་།  ལིའུ་ཁྲེང་མིང་གིས་དཀར་མཛེས་ཁུལ་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་གཙོ་བོ་ནི་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཡུལ་ལ་དམིག་ནས་དབུལ་སེལ་འགག་སྒྲོལ་དང་ཡུན་རིང་བདེ་འགོད་གཉིས་དམ་འཛིན་བྱ་དགོས་ཞེས་བསྟན། 

        རྟོག་ཞིབ་ཀྱི་གོ་རིམ་ཁྲོད། ལིའུ་ཁྲེང་མིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཀྱི་ཐད་ལ།  རྫོང་ཁག་སོ་སོས་དཀར་མཛེས་ཁུལ་ཏང་ཨུའི་སྐབས་བརྒྱད་པ་དང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་དོན་འཁྱོལ་བྱ་དགོས་པའི་རེ་བ་བཏོན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1